ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྣམ་པ་སྣ་མང་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ104འཁོར་བར་རྟེན་འབྲེལ་ཞུས།
2025.07.01 ཁུངས། ཀློག་གྲངས། 0

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ104འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྣམ་པ་སྣ་མང་གི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་གྱི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། དམར་པོའི་ཁྲག་རྒྱུན་རྒྱུན་སྐྱོང་བ། བློ་རྩ་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པར་སྐུལ་ལྕག་བཏང་།

བྱ་འགུལ་ཁྲོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོའི་ཆེད་དོན་ཏང་གི་སློབ་ཁྲིད་ལ་དམ་པོར་དམིགས་ནས། ཏང་ཡོན་གྱིས་སློབ་སྦྱོང་གིས་སེམས་པ་བསྐྱེད་པ་དང་བྱ་སྤྱོད་ལས་ཤེས་བྱ་ལག་ཏུ་བསྟར་བར་ཁྲིད་སྟོན་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་སྟོང་གཉིས་དང་བརྒྱ་དང་བདུན་ཅུས་ཏང་ཡོན་རྩ་འཛུགས་བྱས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་དུ་བཞག་པར་མ་ཟད། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་དང་། སྐལ་བཟང་སྙིང་སྟོབས་སློབ་གསོའི་རྟེན་གཞི་སོགས་དམར་པོའི་སློབ་གསོའི་ཡུལ་གནས་སུ་སོང་ནས་ཡིད་རྟོན་གྱི་སྙིང་སྟོབས་ཉམས་སུ་མྱངས།

བདུན་གཅིག་གི་སྔ་ནུབ་ཏུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས་ཀྱིས་བདུན་གཅིག་གཟེངས་བསྟོད་ཚོགས་ཆེན་བསྡུས་ནས། ཕུལ་བྱུང་ཏང་ཡོན་བཞི་བརྒྱ་དྲུག་དང་། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བཞི་བརྒྱ་དང་གཉིས། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཉིས་བརྒྱ་དང་དོན་བཞི་ལ་བྱ་དགའ་བྱིན། དེ་དང་ཆབས་ཅིག བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་དང་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མཁས་མཛངས་གཉིས་ལྡན་དང་སློབ་སྦྱོང་རྗེས་སྙེག་བྱེད་པའི་རྣམ་པ་ཟབ་མོ་བཏོད།

ཏང་རྩ་འཛུགས་ཀྱི་དྲོད་ཁོལ་དང་བརྩེ་བ་བརྒྱུད་བསྒྲགས་བྱ་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་དམངས་ཀྱི་སེམས་གཏམ་ལ་ཉན་པ་དང་བདེ་སྡུག་དྲིས། དེའི་རིང་ལ། ཏང་ནང་དུ་ཞུགས་ནས་ལོ་ལྔ་ཅུ་འགོར་ཡོད་པའི་ཏང་ཡོན་རྒན་པ་ཉིས་བརྒྱ་དང་བཞི་ལ་གཅིག་བསྡུས་དང་ཁྱིམ་དུ་སོང་ནས་བྱ་དགའ་བྱིན་པས། ཏང་ཡོན་རྒན་པའི་ཁོངས་གཏོགས་འདུ་ཤེས་དང་ཐོབ་ཐང་གི་ངོས་འཛིན་གཅིག་མཐུན་ཇེ་ཟབ་ཏུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ལ་དམིགས་ནས་དམངས་འཚོའི་ཏང་ཡོན་གདོང་ལེན་རུ་ཁག་སྒྲིག་འཛུགས་བྱས་པ་དང་། ངས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པ་སོགས་ཀྱི་ལག་ལེན་བྱ་འགུལ་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཁྲོད་ཚུར་སྣང་ཆེ་བའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་བྱས། བདུན་གཅིག་སྐབས་སུ། ཁྱོན་བསྡོམས་མང་ཚོགས་ལ་ཞབས་ཞུ་ཐེངས་བདུན་བརྒྱ་དང་བརྒྱད་ཅུ་སྤེལ་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཕན་གྱི་གྲུབ་འབྲས་དངོས་ལ་བསྒྱུར།

ཤ་བོ་གསེར་མཚོས་བསྒྱུར།