བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྲུན་གྱིས་ཁེ་ལས་བརྟན་བརླིང་འཕེལ་རྒྱས་ལ་སྒུལ་ནུས་བསྩལ།
2025.07.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ང་ཚོས་ཕྱོགས་གཉིས་གསོ་སྐྱོང་རྒྱུན་འཁྱོངས་བྱས་ནས། རྒྱུན་མཐུད་ངང་ནུས་པ་སྤྲད་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་ནུས་ཕྱོད་མཐོར་འདེགས་བཏང་།  ཟླ6པའི་ཚེས27ཉིན། སྟོད་པ་ཞིང་ཕྱོགས་བསྡུས་ཚོང་ལས་ལས་གཞིའི་ཡུལ་དངོས་སུ་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དངུལ་གཏོང་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་མཚོ་སྔོན་དབྱི་ཧུ་ཞིང་ཚོང་དངུལ་གཏོང་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་ནས་བཤད་རྒྱུར།

ཀུང་ཟི་འདིའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་དང་ལག་རྩལ་དོ་དམ་རྐང་འཛིན་ཕྱོགས་གཉིས་གསོ་སྐྱོང་བྱས་ཏེ། སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལག་རྩལ་དཔུང་སྡེ་དང་ཆུ་ཚད་མཐོ་བའི་དོ་དམ་དཔུང་ཁག་བཙུགས་ནས། མུ་མཐུད་དུ་ཁེ་ལས་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

ཏང་ཡོན་དཔུང་ཁག་གསོ་སྐྱོང་ཐད། ཏང་ཀྲི་པུའུ་ཡིས་སྟེགས་བུ་འཛུགས་པ་དང་། ཏང་ཡོན་གྱི་དཔེ་སྟོན་ལས་གནས་ལ་བརྟེན་ནས་ཏང་ཡོན་དཔེ་སྟོན་སྣེ་ཁྲིད་དང་། ཏང་ཡོན་འགན་འཁྲི་ཁུལ་གྱི་བྱ་སྤྱོད་སྣེ་ཁྲིད་དུ་བྱེད་པ། ཏང་ཡོན་གདོང་ལེན་རུ་ཁག་གི་མཁྲེགས་གཏོར་དཀའ་སེལ་བཅས་བྱས་པ་བརྒྱུད། ཏང་ཡོན་གྱི་ཐོབ་ཐང་མངོན་པ་དང་གདོང་ལེན་བྱེད་པ།དཀའ་གནད་ཐག་གཅོད་བཅས་བྱས་ནས།ཏང་ཡོན་གྱིས་གདོང་ལེན་དང་དཔེ་བཟང་གི་ནུས་པ་རྒྱུན་ལྡན་ཅན་དུ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ལས་གཞི་འཛུགས་སྐྲུན་དང་ཚོང་འགུག་གཉེར་སྐྱོང་ལས་དོན་ཁྲོད། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་གསར་གཏོད་གཏིང་ཟབ་བྱེད་པ་དང་། ཕྱོགས་བསྡོམས་དང་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་བྱ་བའི་འགག་སྒྲོལ་བྱེད་གནས་ཡང་དག་པར་བཙལ་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ལས་བཟོ་པའི་ལས་རིགས་འཕེལ་རྒྱས་ལ་དམིགས་ཏེ་ལས་བྱེད་པ་དང་ལས་བཟོ་བ་སྦྱོང་བརྡར་དང་འཚར་ལོངས་ཡོང་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཕྱོགས་བསྡོམས་དང་སྦྱོང་བརྡར་བྱས་ཏེ། ཆེད་ལས་ལག་རྩལ་དང་བཟོ་སྐྲུན་འཛུགས་སྐྲུན་དོ་དམ་དམིགས་འབེན་གྱི་བླང་བྱ་ལ་དམིགས་ནས། ཏང་ཡོན་གྱི་ཏང་གཤིས་སྦྱོང་བརྡར་དང་ལས་རིགས་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ།ཏང་ཡོན་ལས་བྱེད་པའི་ལག་རྩལ་གྱི་གདོང་ལེན་བྱེད་པ་དང་། ཚོང་འགུག་གི་དཀའ་གནད་སེལ་བ། བདེ་འཇགས་ཐོན་སྐྱེད་འགན་ལེན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། དེ་དང་ཆབས་ཅིག ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་ཞིབ་འཇུག་ལ་ཤུགས་བསྣན་ནས། ཏང་འཛུགས་སྐྲུན་སྣེ་ཁྲིད་བཟོ་སྐྲུན་ལས་གཞི་དང་ཚོང་འགུག་གཉེར་སྐྱོང་བྱེད་སྟངས་དང་བྱ་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཀུང་ཟིའི་དབྱི་ཧུ་ཐང་ཆེན་གྱི་ལས་གཞིའི་ཚོང་འགུག་ནང་འདྲེན་དང་ཡུས་ཅིན་ཅ་ཡོན་ལས་གཞི་དུས་ལྟར་རྩིས་སྤྲོད་བྱ་རྒྱུར་འགན་ལེན་བརྟན་པོ་འདོན་སྤྲོད་བྱས།

ཏིང་འཛིན་མཚོ་མོས་བསྒྱུར།