ཟླ6པའི་ཚེས27ཉིན། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲང་ཉིན་གྲོང་རྡལ་ཧན་ཅ་ཧྲན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏེ་པོ་ཡིས་མདུན་གྱི་ཁམ་སྡོང་གི་ནགས་ཚལ་ལ་ལྟ་བཞིན་བཤད་རྒྱུར། “ང་ཚོའི་སྡེ་བར་སྡེ་སྡོད་ལས་བྱེད་རུ་ཁག་དང་རོགས་སྐྱོར་ཆེད་མཁས་པའི་རོགས་རམ་བྱས་པར་བརྟེན། ཁྱད་ལྡན་ཐོན་རྫས་ཀྱི་ཐོན་སྐྱེད་ཚད་ཇེ་མང་དུ་སོང་བ་དང་། ཕྱིར་འཚོང་གི་རྒྱུད་ལམ་སྔར་ལས་ཡངས་པར་གྱུར་ལ། མི་དམངས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད།”ཟེར།
ཀྲང་ཉིན་སྡེ་བའི་ཏང་ཨུ་ཡིས“དངོས་སྒྲུབ་ལ་བརྟེན་ནས་རྩིས་སྤྲོད་བྱེད་པ་དང་གཞི་གྲངས་ལ་བལྟས་ནས་སྐད་ཆ་བཤད་པ། མི་དམངས་ཡིད་ཚིམ་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པའི”བླང་བྱ་ལ་དམ་པོར་དམིགས་ནས། ཧན་ཅ་ཧྲན་སྡེ་བའི་ཏང་ཀྲི་པུའུ་ཡིས་རང་འགུལ་ངང་ཟི་ལིང་གྲོང་ཁྱེར་ཚན་རྩལ་ཞིབ་འཇུག་ཁང་ཏང་ཀྲི་པུའུ་ཡི་མཛུབ་སྟོན་འོག“ཏང་འཛུགས་བྱ་བ་མཉམ་འབྲེལ་གྱིས་སྒྲུབ་པ་དང་ཐུན་མོང་གིས་སྒྲུབ་པའི”བྱ་བ་སྤེལ། ཡུལ་དངོས་ནས་བྱ་བ་སྒྲུབ་པ་དང་ཡུལ་དངོས་ནས་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ནས། སྐྱུ་རུ་རའི་འབྲས་བུ་ཆེན་པོ་རྐང100ལྷག་དང་། ཆིན་ཧུང་ཁམ་བུ་རྐང1200ལྷག འབྲི་ཏ་ས་འཛིན་རྐང48000ལྷག པེ་ཁྲོན་ཆུ་བོའི་འགྲམ་རྒྱུད་ཀྱི་རྒྱ་སེ་མེ་ཏོག་རྐང1000ལྷག་བཅས་ཚོད་འདེབས་དང་སྐྱེལ་འདྲེན་བྱས། “ཏང་ཀྲི་པུའུ་དང་སྡེ་སྡོད་ལས་བྱེད་རུ་ཁག རོགས་སྐྱོར་ལས་ཁུངས། ཏང་ཡོན་མང་ཚོགས་བཅས་མཉམ་འབྲེལ་བྱས་པའི” ཞིང་འབྲེལ་ཞིང་ཁྲིད་རུ་ཁག་སྒྲིག་འཛུགས་བྱས་པ་དང་། ཧན་ཅ་ཧྲན་སྡེ་བའི་ཏང་ཀྲི་པུའུ་སྲོག་ཤིང་དུ་བཟུང་ནས། སྡེ་སྡོད་ལས་བྱེད་རུ་མི་དང་རོགས་སྐྱོར་ཆེད་མཁས་པ། ཏང་ཡོན་དང་བླངས་པའི་རུ་ཆུང་བཙུགས་ཏེ་ཁག་བགོས་འགན་ལེན་བྱས་ཏེ་ཁ་གཏད་རང་བཞིན་གྱི་མཛུབ་སྟོན་བྱས། སྡོང་ཕྲུག་འདེབས་འཛུགས་ཀྱི་གོ་རིམ་ཁྲོད་ཐོག་མར་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་། དཀའ་ཁག་ཅན་གྱི་ཁྱིམ་ཚང་སོགས་ཀྱི་ངལ་རྩོལ་ནུས་པ་ནང་འགུག་བྱས་པ་དང་། ཚོད་རྩིས་བྱས་ན་སྡེ་བའི་ཐུན་མོང་དཔལ་འབྱོར་ལོ་རེར་སྒོར་འབུམ་གཉིས་དང་ཁྲི་དྲུག་འཕར་སྲིད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་བརྡལ་དྲ་བ་དང་བརྡ་འཕྲིན་ཞབས་ཞུའི་ལྟེ་གནས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཚན་རིག་ལག་རྩལ་ལ་བརྟེན་ནས་ཁྲོམ་རའི་གནས་ཚུལ་ལ་ཕྱོགས་བསྡུས་བརྡར་གཅོད་དང་། རིན་གོང་ལ་དཔྱད་ཞིབ་དང་དགོས་མཁོར་ཞིབ་བཤེར་བྱས། “ཞིང་ལས་དང་ཚོང་ཁང་གི་སྦྲེལ་མཐུད”“ཞིང་ལས་དང་ཟ་ཁང་གི་སྦྲེལ་མཐུད”སོགས་རིགས་མི་འདྲ་བའི་རྣམ་པ་ལ་བརྟེན་ནས་ཐོན་སྐྱེད་དང་ཕྱིར་འཚོང་གི་སྦྲེལ་ཐག་ལ་ཤུགས་སྣོན་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།