ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ104འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་ཡོན་ལས་བྱེད་པའི་གཟི་བརྗིད་འདུ་ཤེས་དང་ཁོངས་གཏོགས་འདུ་ཤེས། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད། ཟླ6ཚེས30ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཏང་ནང་ཞུགས་ནས་ལོ50འཁོར་མཁན་ལ་དྲན་གསོའི་རྟགས་མ་སྟེར་བའི་མཛད་སྒོ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་ནང་ཞུགས་ནས་ལོ50འཁོར་བའི་ཏང་ཡོན་རྒན་པའི་འཐུས་ཚབ་གསུམ་ལ་དྲན་གསོའི་རྟགས་མ་བྱིན་པ་དང་། སྔོན་ཐོན་ལས་ཁུངས16དང་སྔོན་ཐོན་མི་སྒེར59ལ་ཡང་བྱ་དགའ་གནང་།
ཏང་ནང་ཞུགས་ནས་ལོ50འཁོར་བའི་ཏང་ཡོན་ལས་བྱེད་རྒན་པར་དྲན་གསོའི་རྟགས་མ་སྟེར་བ་ནི་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་གལ་ཆེན་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་མཐུན་རྒན་པར་གུས་བཀུར་དང་ཐུགས་ཁུར། བྱམས་སྐྱོང་གནང་བ་གང་ལེགས་སྒོས་མཚོན་པར་མ་ཟད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཡིས་ལས་བྱེད་པ་རྒན་པའི་བྱ་བར་མཐོང་ཆེན་བྱས་པ་ཡང་མཚོན་ཡོད། ཏང་ཡོན་རྒན་པས་བརྒྱུད་སྤྲོད་བྱས་པའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་ལེགས་པོ། ཉམས་མྱོང་རྩ་ཆེན་ནི་གཞོན་རབས་ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་བྱ་བ་ལེགས་པོར་སྒྲུབ་པ་དང་། བརྟན་ཐོག་ཡར་འཕེལ་གྱིས་བྱ་བ་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན།
མཛད་སྒོར་ཞུགས་པའི་ལས་བྱེད་པ་དང་ལས་བཟོ་པས་མགྲིན་གཅིག་ཏུ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་དང་འཕེལ་རྒྱས་སུ་གཏོང་བའི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་བཏང་ནས། ཏང་གི་གཞུང་ལུགས་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བཀོད་སྒྲིག་བཅས་དམངས་ཆེན་གྱི་བྱ་བའི་ཁྲོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། དེ་དང་ཆབས་ཅིག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་ཡོན་རྒན་པས་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཏང་ལ་བློ་དཀར་བའི་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱེད་པ། ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། བསྐོ་འཐེན། འཐུས་ཚབ་སོགས་ཀྱི་བྱ་བ་སོ་སོ་ཧུར་ཐག་གིས་ལེགས་པོར་བསྒྲུབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བྱ་གཞག་གཟི་བརྗིད་ལྡན་པ་དང་། དུས་རབས་གསར་བའི་དམངས་ཆེན་བྱ་གཞག་ཐད་རྣམ་པ་གསར་བ་མུ་མཐུད་དུ་བསྐྲུན་དགོས།
ཤ་བོ་གསེར་མཚོས་བསྒྱུར།