ཡུས་ཧྲུའུ་ཁུལ་གྱིས“ཕྱི་མགྲོན་ནང་འགུག”བྱས་ཏེ་གཙང་གསུམ་མགོ་ཁུངས་རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་དུ་བཅུག
2025.07.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས26ཉིན་ནས་ཚེས29བར་དུ།  “ཕྱི་མགྲོན་ནང་འགུག”གི་ཡུལ་སྐོར་འགྲུལ་སྐྱེལ་ཚོགས་པ་སྐོར་ཐེངས་དང་པོ་དང་རྒྱལ་ཕྱིའི་ཡུལ་སྐོར་བ་ཁག་ཅིག་ཡུས་ཧྲུའུ་རུ་འབྱོར་བ་དང་།  ཁོ་ཚོས་བཤད་རྒྱུར“གནས་འདིའི་ཡུལ་ལྗོངས་དངོས་གནས་ཡག་པོ་རེད།  ད་ཐེངས་ཡུས་ཧྲུའུ་རུ་ཡོང་བ་ནི་དོན་སྙིང་ལྡན་པ་ཞིག་རེད”ཅེས་ཟེར།  ཡུལ་སྐོར་བ་རྣམས་ཀྱིས་འབྲི་ཆུའི་ཁུགས་སོ་དང་པོ་དང་རྫ་ཆུའི་དྲ་དབྱིབས་ཆུ་རྒྱུད་སོགས་ཀྱི་མཛེས་ལྗོངས་ལ་བལྟས་ཏེ།  བོད་མི་རིགས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ཁྱད་དུ་འཕགས་པའི་མཛེས་སྡུག་ལ་རོལ་མྱོང་བྱས།

ད་ལོར།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ཕྱི་མགྲོན་ནང་འགུག”ལག་བསྟར་བྱས་པ་དང་།  《ཡུས་ཧྲུའུ་ཁུལ་གྱི2025ལོའི“ཕྱི་མགྲོན་ནང་འགུག”ལ་བརྟེན་ནས་ལྗོངས་རྒྱུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་དགའ་སྟེར་བའི་བྱེད་ཐབས》ཞེས་པ་བཏོན་ནས།  སྲིད་ཇུས་ཀྱི་སྐུལ་སློང་དང་ཁྲོམ་རའི་ཁྱབ་བརྡལ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས།  ཡུལ་སྐོར་ལས་རིགས་གཉེར་མཁན་ལ་ཡུལ་སྐོར་མགྲོན་པོ་ནང་འགུག་བྱེད་པ་དང་གསར་གཏོད་ལམ་ཐིག་གི་ཆེད་དམིགས་རོགས་དངུལ་སྤྲོད་པ་སོགས་ཕྱོགས་མི་འདྲ་བ་ནས་ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་ཁང་སོགས་ཁྲོམ་རའི་ཟབ་ཞུགས་ལ་སྐུལ་སློང་བྱས་ཏེ།  ཡུས་ཧྲུའུ་ལྗོངས་རྒྱུ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།  ཧུར་བརྩོན་སྒོས་མགྲོན་བསུའི་ཐབས་ཇུས་ལག་བསྟར་བྱས་ཏེ།  སྔ་རྗེས་སུ་ཟི་ལིང་དང་ཞི་ཨན།  ཁྲིན་ཏུའུ།  ལྷ་ས་སོགས་ས་གནས་སུ“ཁྱེད་རང་ཡུས་ཧྲུའུ་རུ་ཕེབས་པར་དགའ་བསུ་ཞུ།  ང་ཚོ་གཙང་གསུམ་མགོ་ཁུངས་ཡུས་ཧྲུའུ་ནས་འཇལ་ཡོང”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་སྤེལ།  བྱ་འགུལ་གྱི་གོ་རིམ་ཧྲིལ་བོའི་ཁྲོད་ཡུས་ཧྲུའུ་ཡི་ངོ་མཚར་བའི་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་མངོན་ཡོད་ལ། བརྙན་ལེན་པ་དང་རི་མགོར་འཛེགས་པ།  ཞིབ་འཇུག་སློབ་སྦྱོང་བྱེད་པ་སོགས་བརྗོད་གཞི་བྱས་པའི་ཡུལ་སྐོར་ཐོན་རྫས་དང་སྤུས་ལེགས་ལམ་ཐིག་ཁྱོན་ཡོངས་ནས་འོས་སྦྱོར་བྱས།  “ཕྱི་མགྲོན་ནང་འགུག”གི་བྱ་དགའ་སྟེར་བའི་བྱེད་ཐབས་དུས་མཉམ་དུ་སྤེལ་ནས་འགྲུལ་བའི་ཁྲོམ་ར་རྒྱ་བསྐྱེད་དང་རྨང་གཞི་སྲ་བརྟན་དུ་བཏང་།  དེ་དང་ཆབས་ཅིག  ད་ལོར་སྐོར་ཁག་གཉིས་བྱས་ཏེ་རྒྱལ་ནང་གི་མིང་གྲགས་ཅན་གྱི་ཡུལ་སྐོར་ལས་དོན་ཁང100ལྷག་ཡུས་ཧྲུའུ་རུ་ཡོང་བ་དང་།  ཡུལ་སྐོར་ལས་དོན་ཁང་གི་འཐུས་ཚབ་པས་སིམ་རྣམ་ལ་མྱོང་རོལ་བྱས་རྗེས་ཁུལ་རིག་གནས་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུའུ་དང་མཉམ་ལས་ཀྱི་འདོད་བློ་བྱུང་ཡོད་ལ།  ཁས་ལེན་གན་རྒྱ་བཞག་པའི་ལོའི་ནང་དུ་འགྲུལ་བ་སྐྱེལ་འདྲེན་བྱེད་པ་དང་།  འགྲུལ་བའི་ཁྲོམ་ར་རྒྱ་བསྐྱེད་དང་མ་འོང་བའི་མཉམ་ལས་ལ་རྨང་གཞི་བརྟན་པོ་གཏིང།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།