ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2025ལོའི་ཁུ་ནུའི་འཆད་ཁྲིད་ཆེན་མོ་སྐབས་དྲུག་པ་དྲ་ལམ་ནས་བསྡུས། མི་ཐབས་རིག་ནུས་བཀོལ་སྤྱོད་ཆེད་མཁས་པ་མའོ་ལིས་ཐའོ་ཡིས་ཁ་བྱང་ལAIདཔེ་དབྱིབས་ཆེན་མོའི་འཕེལ་རྒྱས་གནས་བབ་དང་ལས་རིགས་བཀོལ་སྤྱོད་ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ།
འཆད་ཁྲིད་ལསAIདཔེ་དབྱིབས་ཆེན་མོ་ཇི་ལྟར་འཕེལ་རྒྱས་གཏོང་བ་དང་། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པ་དང་ཁེ་ལས་དང་ལས་དོན་སྡེ་ཁག་གི་དོ་དམ་པས་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་དཔེ་དབྱིབས་ཆེན་མོའི་ལག་རྩལ་གྱི་བཅོས་སྐྱོང་འགྲན་རྩོད་དང་གནད་དོན་སོགས་ཕྱོགས་གསུམ་ལ་དམིགས་ནས་དཔེ་འཇོག་ལུགས་འདོན་བྱས་པ་དང་། དངོས་ཡོད་བཀོལ་སྤྱོད་དང་ཟུང་འབྲེལ་གྱིས་འགྲེལ་བཤད་ཟབ་མོ་བྱས། འཆད་ཁྲིད་ལ་ཉན་པའི་རང་ཞིང་གིས་ཏང་ཡོན་ལས་བྱེད་པས་གཅིག་གྱུར་གྱིས་བལྟས་ན། AIདཔེ་དབྱིབས་ཆེན་མོ་ནི་ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རྩ་འཛུགས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་ཡིན་པས། དཔེ་དབྱིབས་ཆེན་མོའི་ལག་རྩལ་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་པ་དང་། ལག་རྩལ་གྱི་ཉེན་ཁ་ཐག་གཅོད་བྱེད་པ། མི་ཐབས་རིག་ནུས་ཀྱི་མཉམ་འདྲེས་གསར་གཏོད་ཐབས་ལམ་འཚོལ་ཞིབ་བྱེད་པ་བཅས་ནི་ད་དུང་ཐོད་བརྒལ་བྱེད་དགོས་པའི་དུས་རབས་ཀྱི་བརྗོད་གཞི་ཡིན། ཚང་མས་བསྟན་དོན། རང་འགུལ་སྒོས་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་བསྟུན་པ་དང་། སྲོལ་རྒྱུན་བསམ་བློའི་བཀག་རྒྱ་གཏོར་ནས། ཚན་རིག་དངོས་གཉེར་གྱི་རྣམ་འགྱུར་གྱིསAIལག་རྩལ་གྱི་གོ་སྐབས་དང་འགྲན་རྩོད་དང་ལེན་བྱེད་པ་དང་། བདེན་སྲུང་གསར་གཏོད་དང་བསླབ་པ་བཀོལ་སྤྱོད་བྱས་ཏེ། ཕྱོགས་ཡོངས་ནས་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་བྱས་རྗེས་འཇོག་དགོས།
གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ལས་བྱེད་པ་སྟོང་གཉིས་ལྷག་གིས་འཆད་ཁྲིད་ལ་ཉན།
ལྷ་མོ་འཚོས་བསྒྱུར།