ཟླ7པའི་ཚེས1ཉིན། སྤྱོད་བཟང་གིས་མི་གསོ་སྐྱོང་བྱེད་པའི་ལས་འགན་ལག་བསྟར་བྱེད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པ་བརྗོད་དོན་དུ་བྱས་ནའི2025ལོའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་འཇོན་མིའི་གླེང་སྟེགས་ཀྱི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།
རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་པ་བརྒྱད་ཅུ་ལྷག་གིས་སྤྱོད་བཟང་གིས་མི་གསོ་སྐྱོང་བྱེད་པའི་ལས་འགན་ལག་བསྟར་བྱེད་པར་དམིགས་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཉམས་མྱོང་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཐད་ནས་བརྗེ་རེས་ཟབ་མོ་བྱས་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སྐོར་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་བརྒྱུད་ལམ་དང་རིག་གནས་དྲིལ་སྒྲོག་གི་རྣམ་པ་འཚོལ་ཞིབ་བྱས་ཏེ། དུས་རབས་གསར་པར་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཐད་ཀྱི་ཞིབ་འཇུག་ཇི་ལྟར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། དམར་པོའི་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་ཡག་པོ་བྱས་ནས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་མི་གསར་པ་སྐྱེད་སྲིང་བྱེད་པར་མཉམ་དུ་བགྲོ་གླེང་བྱས།
མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དང་ཚན་རིག་གི་སྙིང་སྟོབས་ཀྱི་གཅིག་བསྡུས་ཀྱི་མངོན་སྟངས་ཤིག་ཡིན་ལ། མངོན་པར་གསལ་བའི་དུས་རབས་རང་བཞིན་དང་མི་དམངས་རང་བཞིན། ལག་བསྟར་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ལ། དེའི་ཁྲོད་དུ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དུས་བསྟུན་མདུན་སྐྱོད་བྱ་དགོས་པ་འདུས་ཡོད། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་རྩ་བའི་ངོ་བོ་གསལ་འགྲེལ་བྱེད་པ་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་གཞུང་ལུགས་ཀྱི་གཏན་ཚིགས་དང་རིག་གནས་ཀྱི་གཞི་རྐང་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་རིག་གཞུང་སྐད་བརྡའི་མ་ལག་ཆགས་པར་བྱ་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ་ལས་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་གི་དམར་པོའི་རིག་གནས་ཀྱིས་ན་གཞོན་འཇོན་མིར་སྐུལ་ལྕག་ཐེབས་པར་སྣེ་ཁྲིད་ཀྱི་ནུས་པ་ཐོན།
མི་ཕམ་མགོན་པོས་བསྒྱུར།