ལག་ཤེས་འཇོན་མི་སྐྱེད་སྲིང་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ལག་ཤེས་པ་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་སྤེལ།
2025.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ངལ་རྩོལ་དང་དཔལ་འབྱོར་བྱ་བའི་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་ལག་ཤེས་འཇོན་མི་སྐྱེད་སྲིང་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ལག་ཤེས་པ་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་ཟླ7པའི་ཚེས1ཉིན་སྤེལ།

ཐེངས་འདིའི་བྱ་འགུལ་ཁྲོད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་ལག་ཤེས་པའི་འཐུས་ཚབ་བཅས་ཀྱིས། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ་པའི་ལག་ཤེས་པས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ལག་ཤེས་པའི་ལག་རྗེས་མཉམ་རོལ་ཚོགས་འདུ་བསྡུ་བ་བརྒྱུད་དེ། སྔོན་ཐོན་གྱི་ཉམས་མྱོང་དང་སྔོན་ཐོན་གྱི་ལག་རྩལ་ཁྲིད་སྤེལ་བྱས་པ་དང་། དགེ་སློབ་ཆ་སྒྲིག་གི་གྲོས་མཐུན་བཀོད་ནས། མཚོ་སྔོན་གྱི་ཁེ་ལས་དང་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་བྱས།

མཚོ་སྔོན་དུ་བྱ་འགུལ་སྤེལ་བའི་སྐབས་སུ། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་ལག་ཤེས་པའི་འཐུས་ཚབ་ད་དུང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཤེས་ཡོན་པའི་གླེང་སྟེགས་དང་བློ་གྲོས་རྨ་འབྲི་རྫ་གསུམ་དུ་བསྡུས་ནས། མཚོ་སྔོན་གསར་བར་རོགས་ཤུགས་འདོན་པའི་འཇོན་མིའི་ལས་གཞི་སྦྲེལ་མཐུད་ཚོགས་འདུ་སྐབས་དྲུག་པ་སོགས་བྱ་འགུལ་ལ་ཞུགས་པ་དང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོ་རྟེན་གཞི་རུ་སོང་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སློབ་གསོ་དང་ལེན་བྱས།

རིན་ཆེན་མཚོས་བསྒྱུར།