ཟླ7པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་སྒོ་འབྱེད་སློབ་ཆེན་ནས་རྒྱུས་ལོན་པ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་གཙོ་སྒྲུབ་མཛད་པའི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་ནས། ཁ་གཏད་རོགས་སྐྱོར་སློབ་གསོར་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་བསླབ་ཚན་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་གཞིར་བྱས་པའི་ཞིབ་སློབ་བྱེད་སྒོ་དེ་མགོ་ལོག་ཁུལ་པད་མ་རྫོང་དུ་སྤེལ།
བྱེད་སྒོར་པེ་ཅིང་དང་ཐེན་ཅིན། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཝུའུ་ཞི་བཅས་ཀྱི་ཁ་གཏད་རོགས་སྐྱོར་གྱི་སྒོ་འབྱེད་སློབ་ཆེན་བདུན་དང་། ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་བཞི། གཞི་རིམ་གྱི་སྒོ་འབྱེད་སློབ་ཆེན་བཞི་དང་། མགོ་ལོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་བསླབ་ཚན་གྱི་དགེ་རྒན་གྱི་འཐུས་ཚབ་སོགས་མི་དགུ་བཅུ་ལྷག་དང་། པད་མ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ213བཅས་མཉམ་དུ་ཞུགས། བྱེད་སྒོར་དུས་རིམ་ལས་བརྒལ་ནས་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་རྟེན་གཞིའི་སྒོ་བྱང་འགེལ་བ་དང་། འདས་ཟིན་ལ་ཕྱིར་དྲན་བྱས་ནས་རྒྱང་སྐྱོད་ལམ་དུ་ཆས་ཞེས་པའི་ཡུལ་དངོས་ཉམས་ལེན་ཁུལ། གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཞེས་པའི་བརྗེ་རེས་བགྲོ་གླེང་། ལོ་རྒྱུས་བསླབ་ནས་རྒྱང་སྐྱོད་སྙིང་སྟོབས་ལ་གོ་བ་ཟབ་མོ་ལེན་པ་ཞེས་པའི་ཆེད་དོན་འཆད་ཁྲིད་སོགས་རིགས་མང་པོ་བཀོད་སྒྲིག་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་ནས། ཤར་ནུབ་རྒྱུད་ཀྱི་བསམ་བློ་ཆབ་སྲིད་ལ་བརྟེན་ནས་མི་སྐྱོང་བའི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་པ་དང་། ལངས་གཟུགས་རྣམ་པའི་བསམ་བློ་ཆབ་སྲིད་ལ་བརྟེན་ནས་མི་སྐྱོང་བའི་སྒྲིག་གཞི་གསར་སྐྲུན་བྱས་ཤིང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་བསླབ་ཚན་གཞི་གཅིག་ཅན་ལ་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཉིས་མཉམ་སྤེལ་བྱེད་པའི་ལག་ལེན་གྱི་བགྲོད་ལམ་འཚོལ་ཞིབ་བྱས་ཏེ། རྩ་བ་བརྟན་ཞིང་། བློ་རིག་རྒྱས་པ། མི་སྐྱོང་བ་བཅས་ཀྱི་སློབ་གསོའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། དུས་རབས་གསར་བའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་བ་བཏོད་པ་སོགས་ཀྱི་ཕྱོགས་ནས་ཕན་འབྲས་མངོན་གསལ་བླངས།
མཚོ་སྔོན་སྒོ་འབྱེད་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ཆོས་སྐྱོང་སྲུང་མས་བསྟན་དོན། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་། རང་ཞིང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་བསླབ་ཚན་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྣམ་པ་དང་བརྟེན་ནས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། དམར་པོའི་རིག་གནས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་ཆབ་སྲིད་སློབ་གསོའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་། སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། སློབ་རིམ་མཐུན་སྦྱོར་མཉམ་འགུལ་དོ་སྣང་བྱས་ནས། གཞི་གཅིག་ཅན་གྱི་མི་སྐྱོང་བའི་མ་ལག་འཛུགས་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་འོས་འགན་དང་དུ་ལེན་པའི་དུས་རབས་ཀྱི་མི་གསར་བ་སྐྱེད་སྲིང་བྱེད་པར་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས།
ལྷ་མོ་འཚོས་བསྒྱུར།