མཚོ་ནུབ་སོགས་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་མང་ངེ་གྲོང་བརྡལ་ཁུན་ལིན་ལམ་ཤར་ཁུལ་སྡེ་ཁུལ་དུ། བརྒྱལ་གཟེར་ནད་པ་ཅོ་ཆེ་གེ་མོ་ཡིས་བཀའ་དྲིན་གྱིས་སྨན་བཅོས་འགན་བཅོལ་གྱི་དྲོད་ཁོལ་གླེང་སྐབས་བཤད་རྒྱུར། ད་ལྟ་སྨན་བླངས་ནས་ཕྱིར་ཡོང་ན་སྐར་མ་བཅུ་འགོར་བ་དང་། ལོ་གཅིག་ལ་སྒོར་ཁྲི་གཉིས་ལྷག་གྲོན་ཆུང་བྱེད་ཐུབ། ཁྱོད་ཚོས་ང་ཡི་དཀའ་ཁག་ཆེན་པོ་སེལ་ཐག་གཅོད་བྱས་ཡོད་ཟེར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། མང་ངེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྤྱོད་ཚུལ་ནན་མོ་སྨྱུ་གུ་རུ་བྱས་ཤིང་། དམངས་འཚོའི་དགོས་མཁོ་ལ་སྣག་ཚར་བྱས་ཏེ། མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་བོ་བསྐྲུན།
དམངས་འཚོའི་དོན་དངོས་དེ་དམངས་འཚོའི་དམངས་སེམས་ལ་འབྲེལ་ཡོད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལའང་འབྲེལ་ཡོད། མང་ངེ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ཅུའུ་ཡིས་འགན་འཁྲི་ལ་རྐང་བཙུགས་ནས། སྟོབས་ཤུགས་གཅིག་སྡུད་བྱས་ནས་མི་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱས་པ་དང་དོན་དག་དངོས་བསྒྲུབས། འགན་བཅོལ་མ་དངུལ་མགོ་སྐོར་བྱེད་པར་རྡུང་རྡེག་གཏོང་ཆེད། མང་ངེ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུའུ་ཡིས་སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་ལས་དོན་ཇུས་གཞི་དང་། མང་ངེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡིས་མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་སྤེལ་བའི་ལག་བསྟར་ཇུས་གཞི་སྔ་རྗེས་སུ་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་བཟུང་ནས། རིག་ནུས་ལྟ་རྟོག་ཚོད་འཛིན་དང་། ལག་ཐོག་དཔྱད་བཤེར། མཉམ་འབྲེལ་ཁྲིམས་བསྟར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གཏན་འཁེལ་བྱས་པའི་སྨན་རྫས་ལས་ཁུངས་དང་འགན་བཅོལ་ནང་ཞུགས་མཁན་གྱི་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཀྱི་དམར་ཐིག་ཏན་ཏིག་སྲུང་འཛིན་བྱས་ཏེ། སྤྱོད་ཚུལ་ནན་མོ་ལ་བརྟེན་ནས་མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་སྲུང་སྐྱོབ་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།