ལེའོ་ཉིང་ཧྲིན་དབྱང་དང་ཅང་ཞི་ཅིན་ཏི་ཀྲིན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་སྐབས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས། ཞིབ་བཤེར་གཏིང་ཟབ་དང་དག་ཐེར་ལེགས་བཅོས་བྱས་པ་དང་། ལག་བསྟར་ནན་མོ་བྱས་པ་དང་གྲུབ་འབྲས་མཐོང་བར་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ལེའོ་ཉིང་ཧྲིན་དབྱང་གིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཆུའུ་དང་རྫོང་སོ་སོ་དང་ཁེ་ལས། གཞིས་ཁུལ་བཅས་ལ་སོང་ནས་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་ཐེངས་གྱ་བཞི་བསྡུས་ལ། ཡུལ་དངོས་འཚམས་འདྲིའི་ཁྲོད་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ཐག་གཅོད་བྱས། ཆར་བ་སོགས་ཀྱི་གནོད་པ་ཐེབས་པས། ས་དེའི་ཚད་གཞི་མཐོ་བའི་ཞིང་སའི་བགྲོད་ལམ་དང་ཆུ་རྐ་མང་པོར་གཏོར་བརླག་ཐེབས་པ་དང་། ཧྲིན་དབྱང་གི་ཞིང་ལས་སྡེ་ཁག་གིས་བསྡོམས་པས་གྲལ་བཤེར་བྱས་ནས་རྣམ་གྲངས་བརྒྱ་དང་བཞི་བཙུགས་པ་དང་། མིག་སྔར་ཡོངས་རྫོགས་དག་ཐེར་ལེགས་བཅོས་བྱས་ཟིན།
མིག་སྔར། ཧྲིན་དབྱང་གི་ཆུའུ་དང་རྫོང་བཅུ་གསུམ་དང་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་གོ་དགུ་རུ་བསྡོམས་པས་གནད་དོན642བཤེར་སྟོན་བྱས་པ་དང་། དེ་དག་རེ་རེ་བཞིན་དག་ཐེར་ལེགས་བཅོས་བྱེད་ཀྱིན་ཡོད།
ཅང་ཞི་ཅིན་ཏི་ཀྲིན་གྱིས་གྲོང་ཁྱེར་སྲིད་གཞུང་གི་གཞུང་དྲ་དང་སྨྱན་བྱད་གཙོ་བོའི་དྲ་ཚིགས་སོགས་སྟེགས་བུ་རུ་སྐད་བཞག་ནས་བརྗེ་རེས་བྱེད་པ་དང་འདྲི་ཤོག་སྟེར་བ། བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཕྱོགས་ཡོངས་ནས་གནད་དོན་བཤེར་སྟོན་བྱས། རྫ་དཀར་ཁེ་ལས་ཀྱིས་ཡར་ཞུ་བྱས་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཆེད་ཁེའི་རེ་ཞུ་དུས་འཁོར་ཅུང་རིང་བ་དང་། བརྒྱུད་རིམ་རྙོག་འཛིང་ཆེ་བའི་འབྲེལ་ཡོད་བསམ་འཆར་ལ་ཁ་གཏད་དེ། ས་དེས་ཆེད་ཁེ་གྲ་སྒྲིག་གི་མགྱོགས་མྱུར་བགྲོད་ལམ་བཙུགས་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཞབས་ཞུ་མཐོར་འདེགས་བཏང་།
སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཅིན་ཏི་ཀྲིན་གྱིས་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་འབྲེལ་ཡོད་གནད་དོན367བཤེར་སྟོན་བྱས་པ་དང་། ཁེ་ལས་གཙོ་བོས་ཡར་ཞུ་བྱས་པའི་བསམ་འཆར240མྱུར་དུ་དག་ཐེར་ལེགས་བཅོས་བྱེད་བཞིན་པའི་སྒང་རེད།
རིན་ཆེན་མཚོས་བསྒྱུར།