ཟླ6པའི་ཚེས24ཉིན་ནས་ཚེས27བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟས་རིགས་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ཚོགས་བཅའ་ཁྲིམས》《མཚོ་སྔོན་ཞིང་ཆེན<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ཚོགས་བཅའ་ཁྲིམས>ལག་བསྟར་བྱེད་ཐབས》བཅས་ལག་བསྟར་བྱེད་པར་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཆུང་གིས་ན་གོར་མོ་ཚྭ་འགྱུར་ཚད་ཡོད་ཀུང་ཟི་དང་མཚོ་ནུབ་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། གཏེར་ལེན་ཁ་གྲོང་ཁྱེར་ཀྲིན་ཧི་རང་བྱུང་སོལ་རླངས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་དང་ལས་ཁུངས9ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཟས་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་གནད་འགག་གི་གོ་རིམ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། དེ་དང་ཆབས་ཅིག་བཟོ་ཚོགས་རྩ་འཛུགས་དང་ངལ་རྩོལ་འགལ་བ་འདུམ་སྒྲིག་རྐྱེན་སྲོལ། “གསར་བ་གཉིས”རྩ་འཛུགས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས།
ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། “གཟབ་ནན་བཞི”སྤྱི་ཁྱབ་བཀོད་འདོམས་སུ་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ལ་ངེས་ཟིན་ཟབ་མོ་ཐོབ་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་ཁག་ཁུར་ཡོད་པ་བྱེད་དགོས། དམིགས་ཚད་དང་རྩ་བཅོས་ཟུང་འབྲེལ། ཉིན་རྒྱུན་གྱི་ལྟ་ཞིབ་དོ་དམ་དང་གཙོ་གནད་ལེགས་བཅོས་ཟུང་འབྲེལ། འབྱུང་རྩའི་དོ་དམ་ལྟ་ཞིབ་དང་གོ་རིམ་ཧྲིལ་བོའི་ལྟ་ཞིབ་ཚོད་འཛིན་ཟུང་འབྲེལ་བཅས་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་ལུགས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་དང་ཁྱབ་བརྡལ་ལ་ཤུགས་སྣོན་བྱེད་པ་དང་། ལས་སྒྲུབ་མི་སྣའི་ཁྲིམས་ལུགས་འདུ་ཤེས་དང་མི་དམངས་མང་ཚོགས་ཀྱི་རང་སྲུང་ནུས་པ་མཐོར་འདེགས་གཏོང་བ། ཟས་རིགས་བདེ་འཇགས་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་པ་བཅས་བྱེད་དགོས།
ངལ་རྩོལ་པའི་ཁེ་དབང་འགན་སྲུང་གི“ཁྲིམས་ལུགས་གཅིག་དང་བྱེད་ཐབས་གཅིག”ཁྲིམས་བསྟར་ཞིབ་བཤེར་ཁྲོད། ཞིབ་བཤེར་ཚོ་ཆུང་གིས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་དང་ཏང་གི་གསར་གཏོད་གཞུང་ལུགས་དེ་བཟོ་ཚོགས་ཀྱི་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་ཁྲོད་དུ་ལག་ལེན་དོན་འཁྱོལ་བྱེད་དགོས། ལས་བཟོའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་ལས་བཟོ་བའི་ཁྲོམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། བཟོ་ཚོགས་བྱ་བའི་ཁྲིམས་སྐྱོང་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། གཞི་རིམ་བཟོ་ཚོགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཁྱད་པར་དུ“གསར་པ་གཉིས”ཀྱི་རྩ་འཛུགས་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དུས་རབས་གསར་བའི་བཟོ་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།