རྒྱལ་ཡོངས་ཀྱི་དགོ་དམར་སྨན་བཅོས་སྲོག་སྐྱོབ་དང་གསོ་སྤེལ་ཚན་རིག་ཞིབ་འཇུག་གི་ལས་ཁུངས་གཅིག་པུ་སྟེ། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས།
2025.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས9ཉིན། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་ནས་ལས་དོན་སྤེལ་འགོ་བརྩམས་པ་དེས། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཞིབ་འཇུག་དང་ལྷག་པར་དུ། རི་དྭགས་དགོ་དམར་གྱི་སྲུང་སྐྱོབ་ཞིབ་འཇུག་ལས་དོན་ལམ་ཚད་གསར་པ་ཞིག་གི་ནང་དུ་སླེབས་པ་མཚོན་ཐུབ་པ་ལས་གཞན། རྒྱལ་ཡོངས་ཀྱི་དགོ་དམར་སྨན་བཅོས་སྲོག་སྐྱོབ་དང་གསོ་སྤེལ་སྐོར་གྱི་ཚན་རིག་ཞིབ་འཇུག་ལས་ཁུངས་ཁོ་ན་ཡིན་པ་མཚོན་ཐུབ།

མཚོ་སྔོན་པོའི་འབབ་རྒྱུད་ནི་གོ་ལ་ཧྲིལ་བོའི་ངོས་ནས་བཤད་ན་རི་དྭགས་དགོ་དམར་གྱི་ཁྱབ་ཁུལ་ཁོ་ན་ཡིན་ཞིང་། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུའི་ངོས་ནས་བཤད་ན་རིན་ཐང་ཆེན་པོ་ལྡན། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་སུ། རི་དྭགས་དགོ་དམར་ལ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་སའི་ལྟེ་གནས་དངོས་སུ་བཙུགས་པ་དེས། གཙོ་བོ་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཞིབ་འཇུག་བྱེད་པ་དང་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པ། ལྟ་ཞིབ་ཚད་ལེན་ལ་གདེང་འཇོག་བྱེད་པ།  ཕྱི་ཕྱོགས་སུ་བརྗེ་རེས་བྱེད་པ། ཚན་རིག་ཁྱབ་གདལ་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོ་སྤེལ་བ། ཞིབ་འཇུག་སྟེགས་བུ་འཛུགས་སྐྲུན། དེ་བཞིན་རི་དྭགས་དགོ་དམར་ལ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པ། སྨན་བཅོས་སྲོག་སྐྱོབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ། ཕྱིར་རི་མགོར་གཏོང་བ། རྒྱུད་རྒྱུ་བརྗེ་རེས་བྱེད་པ། རིགས་རྒྱུད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་རང་འགན་ཕྲག་སྟེང་དུ་ལེན་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།