ཞིན་ཧེ་རྫོང་གིས་འགལ་བ་འདུམ་འགྲིག་དང་རྩོད་གཞི་ཐག་གཅོད་ཐད་གྲུབ་འབྲས་མི་དམན་པ་བླངས།
2025.07.10 ཁུངས། ཀློག་གྲངས། 0

ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སྤེལ་འགོ་བརྩམས་པ་ནས་བཟུང་། ཞིན་ཧེ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགལ་བ་འདུམ་འགྲིག་དང་རྩོད་གཞི་ཐག་གཅོད་བྱ་དགོས་པའི་བཀོད་འདོམས་བླང་བྱ་ལྟར། ཉམས་མྱོང་བསྡུ་ལེན་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། བྱ་བའི་ལས་འགན་ནན་གྱིས་བསྒྲུུུུབས་པ་བཅས་དང་། རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་འགལ་བ་དང་རྩོད་གཞི་གཙང་སེལ་དང་གསར་སྣོན་མེད་པར་བྱས་ཏེ། འགུལ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་འཆམ་མཐུན་ལ་ཁག་ཐེག་བྱས།

ལོ་སྟོད་དུ་འགལ་བ་འདུམ་འགྲིག་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་དེ་རྫོངས་ཡོངས་ཀྱི་བྱ་བ་གཙོ་བོར་བཟུང་སྟེ། རྫོང་ཡོངས་ཀྱི་འགལ་བ་དང་རྩོད་གཞི་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། “2.21”བསྒྲགས་གཏམ་གཞིར་བཟུང་སྟེ་ཉིན100ཡི་ནང་དུ་སྤྱིར་བཏང་གི་འགལ་བ་ཐག་གཅོད་བྱེད་པ་དང་ཉིན300ནང་དུ་འགལ་བ་དང་རྩོད་གཞི་དམིགས་བསལ་ཅན་ཐག་གཅོད་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། ལས་འགན་སྤྲོད་པ་དང་འགན་འགན་འཁྲི་འཁུར་བའི་བསམ་ཕྱོགས་གཅིག་གྱུར་བྱས་ནས“ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་གཙོ་ཁྲིད། ལས་ཁུངས་ཀྱི་མཉམ་འབྲེལ། སྣ་མང་མཉམ་སྒྲུབ”བཅས་ཀྱི་བྱ་བའི་སྒྲིག་གཞི་གསར་འཛུགས་བྱས། ད་ལྟའི་བར་དུ། རྫོང་ཡོངས་སུ་འགལ་བ་དང་རྩོད་གཞི271ཞིབ་བཤེར་བྱས་ཤིང229ཐག་གཅོད་བྱས་ཏེ་ཉིན100ཡི་ནང་དུ་སྤྱིར་བཏང་གི་འགལ་བ་ཐག་གཅོད་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཕྱོགས་བསྡུས་ཀྱིས་འགལ་བ་དང་རྩོད་གཞི་ཞིབ་བཤེར་བྱེད་པའི་བརྡ་ཁྱབ་སྤེལ་བ་དང་། རྩྭ་སའི་རྩོད་གཞི་དང་ཞོར་ལས་རྩོད་གཞི། ཁྲིམས་ལུགས་དང་གཏུག་བཤེར་སྐོར་གྱི་རྩོད་གཞི། གནས་སྤོར་ཡུལ་མི་བཀོད་སྒྲིག་སྐོར་གྱི་རྩོད་གཞི། ཁྱིམ་ཚང་དང་ཁྱིམ་མཚེས་སྐོར་གྱི་རྩོད་གཞི་སོགས་གཙོ་གནད་ཁྱབ་ཁོངས་དག་ལ་ཞིབ་བཤེར་སྐོར་ཐེངས7བྱས་པ་དང་། འགུལ་རྣམ་དོ་དམ་བྱས་ཏེ “གྱོད་གཞི་གཅིག་ལ་ཡིག་ཆ་གཅིག”ལྟར་ཡིག་ཆ271བསྡུ་སྒྲིག་བྱས་ཡོད། གཙོ་གནད་གྱོད་གཞི་བཀོད་གཏོང་ལམ་སྲོལ་བཙུགས་པ་དང་། ཡུན་རིང་གསོག་འཇོག་བྱས་པ་དང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་ངལ་དང་རྙོག་འཛིང་ཆེ་བའི་འགལ་བ་དང་རྩོད་གཞི། མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་བཞིན་པའི་གནད་དོན་བཅས་གནད་དོན23ཐག་གཅོད་བྱེད་པའི་ལས་འགན་གཙོ་བོར་བརྩིས་ཏེ། རྫོང་རིམ་པའི་ལས་བྱེད་པའི་ཁག་ཐེག་ལམ་ལུགས་དང“ཁག་ཐེག་ལྔ”ཡི་ལས་འགན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། མིག་སྔར་གནད་དོན6ཐག་གཅོད་ནུས་ལྡན་བྱས།

“རིམ་གསུམ་མཉམ་འགུལ་དང་ཕྱོགས་མང་མཉམ་ཁྲིད། སྡེ་ཁག་མཉམ་སྒྲུབ”ཀྱི་འགལ་བ་དང་རྩོད་གཞི་ཕྱོགས་བསྡུས་ཐག་གཅོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དབྱེ་ཞིབ་དཔྱད་ཞིབ་ཚོགས་འདུ་དང་གཙོ་གནད་རྩོད་གཞིའི་ཚོགས་འདུ། འཕྲིན་བཅར་ཞུ་གཏུག་བྱ་བའི་མཉམ་འབྲེལ་ཚོགས་འདུ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བཀོད་འདོམས་ཚོགས་འདུ་སོགས་བསྡུས་ཏེ། དབྱེ་ཞིབ་དཔྱད་ཞིབ་དང་སྔོན་དཔག་སྔོན་བརྡ་གཏོང་བར་མུ་མཐུད་དུ་ཤུགས་བསྣན་ནས་སྐྱོན་ཆ་མི་ལུས་པ་དང་མངོན་མེད་ཉེན་ཁ་མེད་པར་བྱས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་བརྟེན་ནས“ལམ་སྲོལ་དྲུག”ཇེ་ལེགས་སུ་བཏང་བ་དང་། འཕྲེད་ཕྱོགས་ཀྱི་གཅིག་གྱུར་མཐུན་སྦྱོར་དང་གཞུང་ཕྱོགས་ཀྱི་བཀོད་འདོམས་བཀོད་གཏོང་ལ་ཤུགས་བསྣན་ཞིང་། རྒྱུན་སྡོད་དང་མཉམ་སྡོད་དོ་དམ་འཐུས་ཚང་དུ་བཏང་སྟེ། 《ཞིན་ཧེ་རྫོང་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འདུམ་འགྲིག་པ་དང་དྲུང་ཡིག་དོ་དམ་ལམ་ལུགས》གསར་དུ་བཟོས་ཏེ་མི་དང་ལས་གནས་གཏན་འཁེལ་དང་། འགན་འཁྲི་དང་བྱ་བ་གཏན་འཁེལ་བྱེད་པ་བཅས་ལག་བསྟར་བྱས་ནས་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། “དཔུང་ཁག་བཞི”འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཚན་གཙོའི་འགན་འཁུར་བ་དང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་པུའུ། འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཕྱུགས་ཅུའུ། ནགས་རྩྭ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་སྒོའི་རྐང་འཛིན་པ་ཁོངས་མི་ཡིན་པའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱ་བའི་ཆེད་གཉེར་འཛིན་གྲྭ་བཙུགས་ཏེ། ལས་ཁུངས་བརྒལ་ནས་མཉམ་འབྲེལ་བྱས་ཏེ་དཀའ་ངལ་ཆེ་བ་དང་རྙོག་འཛིང་ཆེ་བའི་གྱོད་གཞི་ཐག་གཅོད་བྱས། བྱ་བ་དྲང་བདེན་གྱིས་བསྒྲུབས་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་མཁས་པའི་འདུམ་འགྲིག་པ12བདམས་ཏེ་མི་དམངས་འདུམ་འགྲིག་པའི་དཔུང་ཁག་ཏུ་ཞུགས་པ་དང་། མི་རེར་ཟླ་རེར་འཚོ་བའི་ཁ་སྣོན་སྒོར2000བྱིན་ཏེ་འགན་འཁྲི་ནན་གྱིས་བསྒྲུབ་པར་སྐུལ་འདེད་བཏང་།

“སྟབས་གཅིག་ཅན”གྱི་འགལ་བ་དང་རྩོད་གཞི་སྣ་མང་མཐུན་སྦྱོར་ལྟེ་གནས་རྨང་གཞིར་བྱས་ཏེ། ལྟེ་གནས་ལྔ་ཡི་ཐོན་ཁུངས་ཕྱོགས་བསྡུས་བྱེད་པ་དང་ཚད་ལྡན་གྱི“ཚོམས་ཆེན་གཅིག་དང་གཞུང་ལས་ཁང་ལྔ། ལས་གནས་བདུན”བཙུགས་པ་དང་། ཞིབ་དཔྱད་དང་སྔོན་བརྡ་གཏོང་བ། སྣ་མང་ཐག་གཅོད། ལས་གནས་དོ་དམ། ལྟ་སྐུལ་དང་འགན་འཁྲིའི་བདའ་འདེད་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་ནུས་ལྡན་སྒོས་འཁོར་སྐྱོད་བྱས། 2025ལོར་ལྟེ་གནས་དེས་བསྡོམས་པས་འགལ་བ་དང་རྩོད་གཞི146བདག་སྤྲོད་བྱས་པ་དང་། གྱོད་གཞི143འདུམ་འགྲིག་ཐག་གཅོད་བྱས། (འདུམ་འགྲིག་ཐག་གཅོད་བྱས་ཚད98%ཡིན།) འགལ་བ་དང་རྩོད་གཞི་ཐག་གཅོད་དང་དྲ་བའི་དོ་དམ། ལས་དོན་གྲོས་མོལ་བཅས་ཀྱི་གོ་རིམ་ཧྲིལ་བོར་ཁྲིམས་སྐྱོང་གི་འདུ་ཤེས་ཁྱབ་པར་བྱེད་པ་དང་། སྡེ་དམངས་ཚོགས་འདུ་དང་ཏང་ཡོན་གསོ་སྦྱོང་སློབ་གསོ་སོགས་ཀྱི་གོ་སྐབས་དང་བསྟུན་ནས། “དོན་དག་ཅི་ཡོད་གྲོས་མོལ་བྱེད་ཆོག་པ”དང“ཚ་ཐབ་ཚོགས་འདུ།” “སྦྲ་གུར་ཚོགས་འདུ”སོགས་ཁྱད་ཆོས་ལྡན་པའི་བྱེད་ཐབས་ལ་བརྟེན་ནས། “ཉེ་འཁོར་གྱི་མིས་ཉེ་འཁོར་གྱི་ཁྲིམས་བཤད་པའི”ཐབས་ལམ་གྱིས་བཅའ་ཁྲིམས་འགྲེལ་བཤད་བྱས་ཏེ། ཏང་ཡོན་མང་ཚོགས་རྣམས་ཀྱིས་ཁྲིམས་ལུགས་ཤེས་པ་དང་ཁྲིམས་ལྟར་རང་གི་ལུགས་མཐུན་གྱི་རེ་འདུན་བརྗོད་ཐུབ་པར་སྐུལ་ཁྲིད་བྱས། རྗེས་འདེད་རྒྱུས་ལོན་ལམ་ལུགས་བཙུགས་ཏེ་ཁ་པར་ལམ་ནས་གནས་ཚུལ་འདྲི་བ་དང་ཡུལ་དངོས་སུ་སོང་སྟེ་གནས་ཚུལ་རྒྱུས་ལོན་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། འགལ་བ་བསྐྱར་དུ་མི་འབྱུང་བ་དང་ཐག་གཅོད་ཀྱི་འབྲས་བུ་སྲ་བརྟན་དུ་བཏང་། ད་ལོར་འགལ་བ་དང་རྩོད་གཞི143ཐག་གཅོད་བྱས་པ་དང་རྗེས་འདེད་བྱས་ཏེ་གྲུབ་འབྲས་སྲ་བརྟན་དུ་བཏང་ཚད100%ཡིན།