ད་ལོའི་ལོ་སྟོད་དུ། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་ཞིང་། བསྡོམས་པས་ཡུལ་སྐོར་འགྲུལ་བ་མི་ཐེངས་འབུམ་དྲུག་ཁྲི་དྲུག་དང་སྟོང་བཞི་དགུ་བརྒྱ་སྣེ་བྱས།
ད་ལོའི་ལོ་སྟོད་དུ། མཚོ་སྔོན་པོ་ཨང་རྟགས་དང་པོའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ལྗོངས་རྒྱུའི་ལམ་ཆེན་ཏེ་རིག་སྨོན་དང་མཚོ་སྔོན་པོ། ཚྭ་ཁ་བཅས་ཀྱི་གཞུང་ལམ་ནས་ནུར་ལྕེ་ལྗོངས་ཁུལ་དང་རྟ་ནག་མ་བར་གྱི་ལམ་དུམ་ནས་རླངས་འཁོར་གཏོང་མགོ་ཚུགས། ལྗོངས་རྒྱུ་ཁུལ་གྱིས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་ལྗོངས་ཁུལ་འཛུགས་སྐྲུན་བྱ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ་ཞིང་། རིག་སྨོན་གྱི་འགག་སྒོའི་རྨང་གཞིའི་སྒྲིག་ཆས་བཟོ་བསྐྲུན་ལེགས་འགྲུབ་བྱུང་། ཞག་སྡོད་དང་ཟ་འཐུང་གཅིག་འདུས་ཁུལ། ལྕགས་རྟའི་འགྲུལ་བཞུད་ཀྱི་མཚེར་ས། རླངས་འཁོར་ཁང་བའི་སྒར་ས། སྒེར་གྱི་རླངས་འཁོར་གཏོང་བའི་ཁ་གསབ། སྣུམ་སྣོན་གློག་གསོག་སོགས་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཞབས་ཞུའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། དུས་མཉམ་དུ། ལྗོངས་རྒྱུ་ཁུལ་གྱིས་ཀན་སུའུ་ནས་མཚོ་སྔོན་བར་གྱི་ཡུལ་སྐོར་ལམ་ཐིག་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་གཙོར་བཟུང་སྟེ། མཚོ་སྔོན་དང་ཀན་སུའུ་ས་ཁུལ་གཉིས་ཀྱི་ལྗོངས་ཁུལ་གཙོ་བོ་དང་མཉམ་འབྲེལ་གྱིས་ཚོང་རྟགས་མནའ་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། ཁུལ་ཁོངས་བརྒལ་བའི་མནའ་འབྲེལ་ཐོན་རྫས་དང་ལམ་ཐིག་གཙོ་བོ་འགྲེམ་སྤེལ་བྱས་ཤིང་། ཁུལ་ཁོངས་མཐུན་སྦྱོར་དང་ནང་འདྲེན་ཤུགས་དྲག་ཏུ་བཏང་། མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་ལྗོངས་ཁུལ་གྱི་ཁུལ་ཁོངས་ཧྲིལ་བོའི་ཚོང་གཉེར་བྱེད་སྒོ་མཉམ་དུ་ཇུས་འགོད་བྱས་ནས། ལངས་གཟུགས་རྣམ་པའི་བརྒྱུད་སྒྲོག་དྲ་རྒྱ་བཙུགས་པ་དང་། ནུབ་བྱང་ས་ཁུལ་གྱི་ཡུལ་སྐོར་འགྲུལ་བར་ཡོངས་སུ་ཁེབས་པར་བྱས། ཞིང་ཆེན་ནང་ཁུལ་གྱིAརིམ་པའི་ལྗོངས་རྒྱུ་ཁུལ་དང་དུས་ལྟར་མཉམ་སྒུལ་གྱིས་གཟའ་མཇུག་ཏུ་ཐག་ཉེ་སར་ཡུལ་སྐོར་ལ་འགྲོ་བའི་ས་གནས་བསྐྲུན་ཞིང་། སྐད་འཕྲིན་དང་པོད་འཕྲིན། འདར་དབྱངས་སོགས་ལ་བརྟེན་ནས་རྒྱུ་ལམ་ཁྱབ་སྒྲོག་བྱས་ལ། སྒོར་གོ་དགུ་ཅན་གྱི་ཡུལ་སྐོར་དམངས་ཕན་འཛིན་བྱང་དང་། འཛིན་བྱང་གཅིག་གིས་ཉིན་གསུམ་ལ་ཡུལ་སྐོར་བྱེད་པ་སོགས་ཐོན་རྫས་ཆ་སྡེབ་ཕྱོགས་ཡོངས་ནས་འགྲེམ་སྤེལ་བྱས་ཏེ། འཛད་སྤྱོད་རིམ་སྤོར་ཚུལ་སྒྱུར་ལ་སྐུལ་འདེད་བཏང་།
མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་གྱིས་དགུན་དུས་འཁྱག་དར་གྱི་ཁྱད་ལྡན་ཐོན་ཁུངས་ལ་དམིགས་ཏེ། རླངས་འཁོར་ལ་བསྡད་ནས་འཁྱག་དར་ལ་ལྟད་མོར་རོལ་བའི་ཆེད་དམིགས་བྱ་འགུལ་དངVIPཞབས་ཞུ་འགྲེམ་སྤེལ་བྱས་ནས། ན་གཞོན་ཡུལ་སྐོར་འགྲུལ་བ་ནང་འདྲེན་བྱས་ལ། ན་གཞོན་ཡུལ་སྐོར་འགྲུལ་བའི་བསྡུར་ཚད་བརྒྱ་ཆའི་དྲུག་ཅུར་སླེབས།
རིག་འཛིན་སྒྲོལ་མས་བསྒྱུར།