ཟླ7པའི་ཚེས8ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་སྤྱོད་གཙང་འཛུགས་བསྐྲུན་ལ་སྲུང་སྐྱོབ་དང་བཞུད་ལམ་སྟེང་དུ་ང་ཡོད་ཅེས་པ་བརྗོད་དོན་ཡིན་པའི་གཏམ་བཤད་འགྲན་བསྡུར་སྤེལ། རྫོང་ཡོངས་ཀྱི་ལས་གནས་སོ་སོ་ནས་ཐོན་པའི་ན་གཞོན་ལས་བྱེད་མི་སྣ15གར་སྟེགས་གཅིག་ལ་འཛོམས་ནས་ལང་ཚོའི་གླུ་སྒྲས་སྤྱོད་གཙང་གི་ཐོག་མའི་སེམས་འདུན་དང་འགན་འཁྲིའི་ཁག་ཁུར་མཚོན་པར་བྱས།
ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་སྤྱོད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ན་གཞོན་ལས་བྱེད་པར་ཆབ་སྲིད་གླེང་བ། སྒྲིག་ཁྲིམས་སྲུང་བ། ལས་རིམ་བརྩི་བ་བཅས་ཀྱི་འདུ་ཤེས་ཆགས་པར་སྣེ་ཁྲིད་བྱས། འགྲན་བསྡུར་ཁྲོད། འགྲན་ཞུགས་པ་དག་གིས་སྤྱོད་གཙང་བརྗོད་གཞི་བྱས་ཏེ། ཉེ་འགྲམ་གྱི་སྤྱོད་གཙང་གི་དཔེ་མཚོན་ཅན་གྱི་བྱ་གཞག་བརྗོད་པ་དང་། རུལ་སུངས་གི་གྱོད་དཔེར་དབྱེ་ཞིབ།། ན་གཞོན་ལས་བྱེད་པས་སྤྱོད་གཙང་ལ་བརྩི་བཀུར་དང་། འབད་བརྩོན་བྱེད་པའི་སྙིང་སྟོབས་ཀྱི་རྣམ་པ་གང་ལེགས་སྒོས་མངོན་པར་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།