རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲས་གློག་དྲ་ལས་བརྒལ་བའི་རྒྱུན་རྣམ་ཅན་གྱི་གློག་ཤུགས་ཉོ་འཚོང་བྱ་རྒྱུ་རེད།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། རང་རྒྱལ་གྱིས་གློག་དྲ་ལས་བརྒལ་བའི་གཉེར་སྐྱོང་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་གློག་ཤུགས་ཉོ་ཚོང་རྐྱེན་སྲོལ་གྱི་ཇུས་གཞི་ཕྱིར་བཏོན་ཞིང་། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲས་ཚོང་རའི་སྒྲིག་སྲོལ་དང་ཉོ་འཚོང་སྣ་ཁ་སོགས་སྔར་ལས་གཅིག་གྱུར་བྱས་ནས། གློག་དྲ་ལས་བརྒལ་བའི་གཉེར་སྐྱོང་ས་ཁུལ་གྱི་ཉོ་འཚོང་རྒྱུན་རྣམ་ཅན་དུ་ཚོང་སྒོ་འབྱེད་རྒྱུའི་རེ་བ་བཏོན། ཚོང་གཉེར་གཙོ་གཞིས་ཁུལ་ཁོངས་གང་རུང་དུ་ཆ་འཕྲིན་ཐོ་འགོད་བྱས་རྗེས། དྲ་རྒྱ་གཉིས་ཀྱི་ཚོང་གཉེར་ས་ཁུལ་དུ་ཉོ་འཚོང་ལས་སྒོ་སྟབས་བསྟུན་ངང་སྤེལ་ཆོག་པ་རེད། སྒྲིག་སྲོལ་དེས་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། ལྗང་མདོག་གློག་ཤུགས་བསྡུ་ཉར་གཙང་སེལ་ལ་སྔར་ལས་སྐུལ་འདེད་བཏང་ནས། གློག་ཤུགས་ཚོང་ར་ཁག་བགོས་མེད་པར་བཟོ་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཚོང་ར་ཆེན་མོ་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་རེད།