མཁའ་གྲུ་དགུ་པའི་གྲུ་མདའ་སྡེབ་བསྒྲིགས་འཕེན་གཏོང་ས་ཁུལ་དུ་བརྒྱུད་འདྲེན་བྱས།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7ཚེས12ཉིན་གྱི་སྔ་དྲོར། མཁའ་གྲུ་དགུ་པའི་ཟོག་འདྲེན་འཕུར་གྲུ་དང་རྒྱང་སྐྱོད་བདུན་པའི་མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་རྒྱང་ཚོར་བཅུ་བ་གཉིས་ཀྱི་སྡེབ་བསྒྲིགས་ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་ར་བ་ནས་དྲང་འཕྱང་ངང་འཕེན་གཏོང་ས་ཁུལ་དུ་བརྒྱུད་འདྲེན་བྱས་པ་དང་། ཉེ་ལམ་གོ་སྐབས་འདེམས་ནས་འཕེན་གཏོང་བྱ་རྒྱུ་རེད།

སྔ་དྲོའི་ཆུ་ཚོད8ཡས་མས་སུ། མཁའ་གྲུ་དགུ་པའི་ཟོག་འདྲེན་འཕུར་གྲུ་དང་རྒྱང་སྐྱོད་བདུན་པའི་མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་རྒྱང་ཚོར་བཅུ་བ་གཉིས་ཀྱི་སྡེབ་བསྒྲིགས་དེ་འགུལ་སྐྱོད་འཕེན་གཏོང་ལས་སྟེགས་ཀྱི་འདེགས་འཇོག་འོག ལྷུ་ལག་ཧྲིལ་བསྒྲིགས་ཚོད་ལྟའི་བཟོ་ཁང་ལས་བུད་དེ་མེ་ཤུགས་འཕུར་མདའ་འཕེན་གཏོང་ལྕགས་སྒྲོམ་གྱི་ཕྱོགས་སུ་བརྟན་བརླིང་ངང་བསྐྱོད།

མཁའ་གྲུ་དགུ་པའི་ཟོག་འདྲེན་འཕུར་གྲུ་ཡིས་ལྷ་གྲུ་ཉི་ཤུ་པ་དང་ལྷ་གྲུ་ཉེར་གཅིག་པའི་འཕུར་སྐྱོད་ཚན་ཆུང་གཉིས་ཀྱི་ཉེར་མཁོ་དངོས་ཟོག་དང་། གནམ་འཕར་གྲུ་ཁང་གི་ཕྱིར་སྐྱོད་ལྭ་གསར་གཉིས། ཤ་ཤེད་སྦྱོང་བརྡར་སྒྲིག་ཆས་ཆ་ཚང་གཅིག ད་རུང་མཁའ་སྐྱོད་གསོ་རིག་ཚོད་ལྟ་དང་བར་སྣང་ཉེར་སྤྱོད་ཚོད་ལྟ་སོགས་ཚན་རིག་འཚོལ་ཁུར་སྒྲིག་ཆས་དང་ཚོད་ལྟའི་དངོས་དཔེ་སོགས་ཁ་གསབ་དངོས་ཟོག་ཏུན་6.5ཁ་གསབ་བྱ་རྒྱུ་རེད། ད་ལྟ། ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་ར་བའི་སྒྲིག་བཀོད་སྒྲིག་ཆས་ཀྱི་རྣམ་པ་ཧ་ཅང་བཟང་བ་དང་། རྗེས་མར་འཆར་གཞི་ལྟར་འཕེན་གཏོང་མ་བྱས་གོང་གི་རྩོལ་ནུས་ཞིབ་བཤེར་དང་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྤེལ་རྒྱུ་ཡིན་ལ། འཆར་གཞི་ལྟར་ན་ཉེ་ཆར་གོ་སྐབས་འདེམས་ནས་འཕེན་གཏོང་བྱ་རྒྱུ་རེད།