མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ངལ་རྩོལ་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི་ཕན་ནུས་མཐོ་བའི་སྒོ་ནས་འདུམ་སྒྲིག་ཐག་གཅོད་བྱས།
2025.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ།  གསར་འགོད་པས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་བརྗོད་དོན་གཙོ་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོར་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་རང་འགུལ་སྒོས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་ཆེན་པོའི་ནང་མཉམ་འདྲེས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་མཛུབ་ཁྲིད་འོག  ངལ་རྩོལ་གྱོད་གཞིའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་སྡོད་དང་རེས་འཁོར་བཅའ་སྡོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྡད་དེ་འདུམ་གཅོད་བྱ་བ་སྒྲུབ་ནས་སྤྱི་ཚོགས་འགན་སྲུང་དང་འབྲེལ་བ་ཡོད་པའི་ཁེ་དབང་དང་། ངལ་རྩོལ་འགན་སྲུང་ལྟ་ཞིབ། ངལ་རྩོལ་མི་དོན་རྩོད་གླེང་སོགས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

འགལ་བ་འདུམ་སྒྲིག་གི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“སྡེ་ཁག་མང་པོ་མཉམ་འགུལ”གྱི་རྐྱེན་སྲོལ་བྱེད་ཐབས་ལ་བརྟེན་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁྲིམས་འཛིན་དང་། འཕྲིན་བཅར། བཟོ་ཚོགས་སོགས་ཀྱིས་ཆ་འཕྲིན་མཉམ་སྤྱོད་དང་ཁུངས་སྣེ་ཕན་ཚུན་བརྗེ་རེས་བྱས་ཏེ། མང་ཚོགས་ཕྱོགས་མང་པོར་རྒྱུག་མི་དགོས་པར་བྱེད་པའི་བྱ་བ་ནུས་ལྡན་སྒོས་སྤེལ། དེ་དང་ཆབས་ཅིག རིགས་དབྱེ་ཐག་གཅོད་དང་རྙོག་འཛིང་སྟབས་བདེ་རུ་བསྒྱུར་བའི་རྣམ་པ་བརྒྱུད་དེ། སྟབས་བདེའི་གོ་རིམ་དང་གེགས་མེད་ལམ་ཡངས་ལག་བསྟར་བྱས་ནས། ཞིང་པ་ཞོར་ལས་པའི་གླ་ཕོགས་རྩོད་གླེང་མྱུར་དུ་ཐག་གཅོད་པའི་གནས་བཙུགས་པ་དང་། གླ་ཕོགས་ཆད་པ་སོགས་གྱོད་གཞིར་མྱུར་དུ་འདྲི་གཅོད་བྱས་པ་དང་། མགྱོགས་མྱུར་སྒོས་ཐག་གཅོད་བྱས་ནས་གྱོད་དོན་མཇུག་བསྒྲིལ་བའི་དུས་ཡུན་མངོན་གསལ་སྒོས་ཇེ་ཐུང་དུ་བཏང་།

མགོ་ཁུངས་ཀྱི་བཅོས་སྐྱོང་ནུས་པ་རྒྱུན་མཐུད་སྒོས་ཆེ་རུ་ཕྱིན། ཁེ་ལས་ཀྱིས་གླ་ཕོགས་ཆད་པ་དང་སྤྱི་ཚོགས་འགན་སྲུང་གི་ཐོབ་ཆ་སོགས་རྩོད་གཞི་མང་པོར་དམིགས་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁེ་ལས་དང་གླིང་ཁུལ།  ལས་ཡུལ་བཅས་སུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་། སྲིད་ཇུས་ཀྱི་བློ་འདོན་དང་གྱོད་དཔེ་འགྲེལ་བཤད་བཅས་གཏིང་ཟབ་སྒོས་ལག་བསྟར་བྱས་པ་དང་། ཁེ་ལས་ཀྱིས་ལས་བཟོ་པ་བཀོལ་བའི་ཉེན་ཁར་ཞིབ་བཤེར་དང་། ལས་བཟོ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་རོགས་རམ་བྱས་ཏེ་འགལ་བ་འདུམ་སྒྲིག་གི་བྱ་བར་སྐུལ་འདེད་བཏང་།  2025ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་མི་དོན་རྩོད་གླེང་འདུམ་གཅོད་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་གྲངས་ཀ་དེ་དུས་མཉམ་ལས་བརྒྱ་ཆའི་བརྒྱད་མར་ཆག་ཡོད།

འདུམ་སྒྲིག་གི་རྨང་གཞིའི་ནུས་པ་ལེགས་པར་བཏོན།  “འདུམ་སྒྲིག”གི་མཉེན་གཤིས་བྱེད་ཐབས་ལ་བརྟེན་ནས་ངལ་རྩོལ་རྩོད་གཞི་འབོར་ཆེན་འདུམ་གཅོད་སྔོན་དུ་སེལ་ནས་ཆུ་མ་ཡོང་གོང་གི་རགས་ལྟ་བུའི་ནུས་པ་ལེགས་པར་བཏོན། 2025ལོའི་ལོ་སྟོད་དུ། ངལ་རྩོལ་རྩོད་གཞི་སྣ་ཚོགས་ཀྱི་གཞི་རིམ་འདུམ་སྒྲིག་རྩ་འཛུགས་ཀྱི་འདུམ་སྒྲིག་གྱོད་གཞི་ཐག་གཅོད་བྱས་པའི་གྲངས་ཀ་དུས་མཉམ་ལས་ལྡབ་གཅིག་ཙམ་འཕར་ནས། བཅའ་ཁྲིམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་ཡོང་བར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རིམ་མཉམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སྟེགས་བུར་བྱས་ནས། ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི“གཅིག་འཐུས་རང་བཞིན་གྱི་བསྡུ་ལེན་དང་།    གཅིག་སྡུད་རང་བཞིན་གྱིས་འདུམ་སྒྲིག་བྱེད་པ།    གཞི་གཅིག་ཅན་གྱི་ཐག་གཅོད་བཅས་བྱེད་པར་སྐུལ་འདེད་བཏང་། དེའི་ནང་དུ་གཅིག་འཐུས་དང་ལེན་རྐྱེན་སྲོལ་ཇེ་ལེགས་སུ་བཏང་སྟེ་གཅིག་གྱུར་དང་ལེན་དང་རིགས་དབྱེ་འཁོར་རྒྱུག གདུབ་ཟུམ་དོ་དམ་བཅས་མངོན་འགྱུར་བྱས་པ་དང་། ཁྲིམས་ཁང་དང་སྤྱི་བདེ་སོགས་སྡེ་ཁག་ལ་མཐུན་སྦྱོར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྩོད་གཞི་ཁྲིམས་ལྟར་སེལ་རྒྱུར་སྐུལ་འདེད་བཏང་བ། ཞིང་པ་ཞོར་ལས་པ་དང་ལས་རིགས་གསར་པའི་ལས་གཉེར་པ་སོགས་གཙོ་གནད་ཁྱུ་ཚོགས་ལ་དམིགས་ནས་རང་གཤིས་ཅན་གྱི་ཞབས་ཞུ་སྒྲུབ་པར་ཁ་གཏད་དེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་འདུམ་གཅོད་ཁྲིམས་ར་འཛུགས་པའམ་ཡང་ན་སྐོར་སྐྱོད་འདུམ་གཅོད་ཁང་བཙུགས་ནས། ཡུལ་དངོས་སུ་རྩོད་གཞི་ཐག་གཅོད་བྱས་པ་སོགས་འདུ།

ཤ་བོ་རིན་མཚོས་བསྒྱུར།