ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡིས་མཉམ་འབྲེལ་སྒོས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་སྤེལ།
2025.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས11ཉིན་གྱི་སྔ་དྲོར། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཁག་ལྔ་བ་དང་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གསར་འཛུགས་བཙོན་ཁང་དུ་མཉམ་འབྲེལ་སྒོས“ཁྲིམས་ཆད་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་སྒོས་སྲུང་སྐྱོང་བྱ་རྒྱུ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ཀྱི་ལྟ་སྐུལ་པ། ཁྲིམས་ཆད་འཁུར་བའི་མི་སྣའི་གཉེན་ཉེ། སྲིད་ཁྲིམས་ལས་ཁུངས་ཀྱི་འཐུས་མི་དང་དེ་མིན་ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་སྨྱན་བྱད་གཙོ་བོའི་འཐུས་མི་བཅས་གདན་ཞུ་ལྟར་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “སྤུས་ཚད་མཐོ་ཞིང་ཕན་འབྲས་ལྡན་པའི་གྱོད་གཞི་རེ་རེ་ལེགས་པར་སྒྲུབ་པ”རྒྱུན་འཁྱོངས་དང་།   ཉེས་དོན་དང་ཞིབ་དཔྱོད་བྱ་བ་ལག་བསྟར་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས།  ཁྲིམས་འགལ་སྒྲིག་འགལ་གྱི་བྱ་བར་ལྟ་སྐུལ་ཡོ་བསྲང་བྱས་ཏེ། ཁྲིམས་ཆད་ལག་བསྟར་དྲང་གཞག་འདྲ་མཉམ་གྱི་བྱ་བའི་ཕན་འབྲས་ལ་དངོས་གནས་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཉེས་དོན་གྱི་ལག་བསྟར་ལ་རྒྱུས་ལོན་དང་ཁས་ལེན། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།

བྱ་འགུལ་ཁྲོད། ཚོགས་ཞུགས་མི་སྣས་བཙོན་ཁང་གི་མི་དམངས་ཉེན་རྟོག་པའི་ཉེན་རྟོག་དབྱུག་རྩལ་སྟོན་པ་དང་ཁྲིམས་ཆད་འཁུར་བའི་མི་སྣར་སྦྱོང་བརྡར་བྱེད་པ་སོགས་ལ་བལྟས་པ་དང་།    བཙོན་ཁང་གི་མལ་ཁང་དང་བྱ་བའི་འགྲེམས་པང་།    དེ་མིན་གཟུགས་འདས་ཤུལ་བཞག་རིག་གནས་བཙོན་ཁང་དུ་ཞུགས་པའི་སློབ་གསོའི་བྱ་བའི་གྲུབ་འབྲས་བཅས་ལ་ལྟ་སྐོར་བྱས།

བཞུགས་མོལ་གྱི་རིམ་པར། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་སྐོར་ལྔ་པའི་བརྙན་ཐུང་དང་ཡིག་ཐོག་བརྡ་ཁྱབ་ཁྱབ་བསྒྲགས་བྱས་ཏེ། སྐོར་སྐྱོད་ཞིབ་དཔྱོད་ཆེན་པོ་གསུམ་གྱི་གནས་ཚུལ་དང་། ཞིང་ཆེན་ཡོངས་ཀྱི་ཉེས་དོན་ལག་བསྟར་ཞིབ་དཔྱོད་བྱ་བའི་འཕེལ་རིམ།    ཟི་ལིང་དང་ཕིན་ཨན་ས་ཁུལ་གྱི་ཞིབ་དཔྱོད་ཁང་དུ་མངགས་གཏོང་བྱས་པའི་ཞིབ་དཔྱོད་ལས་ཁུངས་ཉམས་མྱོང་ངོ་སྤྲོད་བྱས། ཚོགས་འདུར་ཞུགས་པའི་མི་སྣས་བྱ་འགུལ་གྱི་བརྗོད་བྱ་གཙོ་བོར་དམིགས་ནས་བརྗེ་རེས་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཉེས་དོན་ལག་བསྟར་ཞིབ་དཔྱོད་སྡེ་ཁག་གིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩིས་ནས། མུ་མཐུད་དུ་བྱ་བ་ལེགས་བཅོས་བྱེད་པ་དང་། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཞིབ་དཔྱོད་ཀྱི་སྟོབས་ཤུགས་འབུལ་དགོས།

ཤ་བོ་རིན་མཚོས་བསྒྱུར།