ཟླ7པའི་ཚེས14ཉིན། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་གློག་ཤུགས་མ་ལག་གི་བརྟན་འཇགས་ཆུ་ཚད་ཇེ་མཐོར་བཏང་ནས་རྒྱལ་ཡོངས་གློག་དྲའི་དྲ་སྒྲོམ་གཙོ་བོའི་འཆར་འགོད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་འབྲེལ་ཡོད་བྱ་བའི་བརྡ་སྦྱོར་པར་འགྲེམ་བྱས་ནས། རང་ཞིང་གི་མཚོ་ནུབ་དང་མཚོ་ལྷོའི་སྟོང་ཧྥུའུ750ཡི་ཤུགས་སྣོན་བཟོ་སྐྲུན་དེ་རྒྱལ་ཁབ་ཀྱི་འཆར་འགོད་ཁྲོད་བཞག་པ་དང་། འཆར་འགོད་གསར་སྐྲུན་གྱི་སྐུད་ལམ་རིང་ཚད་ལ་སྤྱི་ལེ1442དང་གསར་སྐྲུན་གློག་སྒྱུར་གྱི་ཤོང་ཚད་སྟོང་ཧྥུའུ་ཁྲི1260ཡོད།
མཚོ་ནུབ་སོགས་རིགས་བོད་རིགས་རང་སྐྱོང་ཁུལ་ནི་རང་ཞིང་གིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པའི་གཡུལ་ས་གཙོ་བོ་ཡིན་ལ། ནུས་ཁུངས་གསར་བའི་གཞི་ཁྱོན་སྟོང་ཝ་བྱེ་བ་ལས་བརྒལ། མཚོ་ནུབ་ཀྱི་གློག་དྲ་དེ་ནུབ་བྱང་གློག་དྲའི་དྲ་སྒྲོམ་གཙོ་བོའི་ལྷོ་རྒྱུད་ཀྱི་འཕར་རྩ་ཆེན་པོའི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས། བཅད་ངོས་སྐྱེལ་ནུས་ཀྱིས་ནུབ་བྱང་ཧྲིལ་བོའི་གློག་དྲའི་ལྷོ་བྱང་རྒྱུད་ཀྱི་བགྲོད་ལམ་བེད་སྤྱོད་ལས་ཆོད་ལ་ཤུགས་རྐྱེན་ཐེབས་ཐུབ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་ཚྭ་འདམ་གཞོང་བྱེ་མའི་རྟེན་གཞི་ཡི་ལོ་རེའི་སྟོང་ཝ་ཁྲག་ཁྲིག་གཅིག་གི་ནུས་ཁུངས་གསར་བའི་གློག་ཚད་ཕྱིར་སྐྱེལ་གྱི་དགོས་མཁོ་དང་བསྡུར་ན། མིག་སྔའི་མཚོ་ནུབ་ཀྱི་གློག་དྲ་ཕྱིར་སྐྱེལ་ནུས་པ་ཧ་ཅང་མི་འདང་།
མཚོ་ནུབ་གློག་དྲའི་བཅད་ངོས་ཚད་བཀག་གནད་དོན་ཐག་གཅོད་པ་དང་། རང་ཞིང་གི་དག་གཙང་ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གནད་འགག་ཐག་གཅོད་བྱེད་ཆེད། ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་རྒྱལ་ཁབ་ནུབ་རྒྱུད་གློག་དྲའི་གསབ་སྣོན་འཐབ་ཇུས་ཁྲོད་འདྲེས་པར་བྱས་པ་དང་། ཐེངས་མང་པོར་རྒྱལ་ཁབ་ནུས་ཁུངས་ཅུའུ་དང་རྒྱལ་ཁབ་གློག་དྲར་ཡར་ཞུ་སྦྲེལ་མཐུད་བྱས་ལ། མཚོ་ནུབ་དང་མཚོ་ལྷོའི་སྟོང་ཧྥུའུ750ཤུགས་སྣོན་བཟོ་སྐྲུན་ཇུས་འགོད་ལག་བསྟར་བྱས་པ་དང་། ཚྭ་འདམ་གཞོང་ནུབ་རྒྱུད་དང་ཤིང་སྡེ། ཚྭ་ཁ་བཅས་ཀྱི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་གསུམ་འཛུགས་སྐྲུན་བྱས་ལ། མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་གྱི་གློག་དྲ་དང་སྦྲེལ་མཐུད་བྱས་ཤིང་། མཚོ་སྔོན་ཤར་ནུབ་རྒྱུད་ཀྱི་བཅད་ངོས་རྩོལ་ནུས་བརྗེ་རེས་ནུས་པ་སྟོང་ཝ་ས་ཡ་གསུམ་ལ་འཕར་བ་དང་། ལམ་རྒྱུད་ཀྱི་མཛེས་ལྗོངས་ཐོན་ཁུངས་གཅིག་བསྡུས་བྱས་ལ། མཚོ་ནུབ་ཀྱི་ནུས་ཁུངས་གསར་བ་སྐྱེལ་བའི་དགོས་མཁོ་བསྐངས་ཏེ། རང་ཞིང་དང་ཐ་ན་ནུབ་བྱང་གློག་དྲའི་ནུས་ཁུངས་གསར་བའི་གཞི་ཁྱོན་ཆེ་བའི་གསར་སྤེལ་བེད་སྤྱོད་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས།
རིན་ཆེན་མཚོས་བསྒྱུར།