མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལག་རྩལ་འགྲན་སྡུར་སྐབས་དང་པོ་སྤེལ།
2025.09.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ9པའི་ཚེས25ཉིན་ནས་ཚེས26བར།  2025ལོའི་མཚོ་སྔོན་ཞིང་ཆེན་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རྩལ་ནུས་འགྲན་བསྡུར་གྱི་ཞིང་ཆེན་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ཟི་ལིང་དུ་བསྡུས།  ཞིང་ཆེན་ཡོངས་ནས་འཐུས་ཚབ་རུ་ཁག8དང་།  ཁྲིམས་བསྟར་རུ་མི40ཡིས་ཛ་དྲག་གི་འགྲན་བསྡུར་བྱས།  ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལག་རྩལ་འགྲན་བསྡུར་ནི།  2023ལོར་ཕྱོགས་བསྡུས་ཁྲིམས་བསྟར་བཅོས་བསྒྱུར་བྱས་རྗེས། ཐེངས་དང་པོར་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལག་རྩལ་འགྲན་བསྡུར་ཡིན་ལ།  ཞིང་ལས་ཞིང་སྡེ་སྡེ་ཁག་དང་ཕྱོགས་བསྡུས་ཁྲིམས་བསྟར་ལས་ཁུངས་ཀྱིས་ཐེངས་དང་པོར་མཉམ་འབྲེལ་བྱས་པ་རེད། 

འགྲན་སྡུར་རྣམ་གྲངས་སུ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཡོད་ལ།  ས་བོན་དང་ཞིང་སྨན།  གཟན་ཆས་སོགས་ཞིང་ལས་ཀྱི་གཙོ་གནད་ཁྱབ་ཁོངས་འདུས་ཡོད།  འགྲན་སྡུར་ལས་ཆུ་ཚད་སྡུར་བ་དང་སྤྱོད་ལམ་འགྲན་པའི་རྣམ་པ་ལ་བརྟེན་ནས་འཇོན་ཐང་མཐོར་འདེགས་བཏང་བར་མ་ཟད།  འགྲན་སྡུར་ཁྲོད་གཞུང་ལུགས་ལ་མཁས་པ་དང་ལས་སྒྲུབ་ལ་མཁས་པ།  གྱོད་དོན་ལ་མཁས་པའི་ཁྲིམས་བསྟར་འཇོན་མི་སྐོར་ཞིག་བྱུང་བ་དང་།  བྱ་བ་ནན་ཏན་གྱིས་སྒྲུབ་ཅིང་སྤྱོད་ལམ་ཕུལ་བྱུང་ཡིན་པ།  ཚད་ལྡན་གྱི་གོ་རིམ་ལྡན་པ་བཅས་ཀྱི་རུ་དཔུང་གིས་ཁྲིམས་བསྟར་ལས་ཁུངས་ཀྱི་འཇོན་ཐང་ངོམ་པར་མ་ཟད།  རུ་དཔུང་སྦྱོང་བརྡར་དང་འཇོན་ནུས་གོང་སྤེལ།  མཐུན་སྒྲིལ་མཉམ་ལས་བཅས་ཀྱི་དམིགས་འབེན་འགྲུབ་པར་བྱས་ཡོད།

གཞུང་ལུགས་ཀྱི་རྒྱུགས་གཞི་དང་ལད་ཟློས་ཁྲིམས་བསྟར། ཡིག་ཚགས་དག་བཅོས་དང་ཤེས་བྱའི་འགྲན་བསྡུར་སོགས་ཀྱི་འགྲན་རིམ་སྤེལ་བ་བརྒྱུད།  ཟི་ལིང་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་ལ་ཐུན་མོང་བྱ་དགའ་ཨང་དང་པོ་ཐོབ་པ་དང་།  མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་འཐུས་ཚབ་རུ་ཁག་གཉིས་ལ་ཐུན་མོང་བྱ་དགའ་ཨང་གཉིས་པ་ཐོབ།  མཚོ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར།  ཡུས་ཧྲུའུ་ཁུལ་བཅས་ཀྱི་འཐུས་ཚབ་རུ་ཁག་ལ་ཐུན་མོང་བྱ་དགའ་ཨང་གསུམ་པ་ཐོབ།  ཁྲིམས་བསྟར་རུ་མི་བཅུ་ལ་ཕུལ་བྱུང་མི་སྒེར་གྱི་བྱ་དགའ་ཐོབ།  དེ་དང་མཉམ་དུ།  ཕུལ་བྱུང་འགྲན་ཞུགས་པ་དག་མཚོ་སྔོན་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་འགྲན་སྡུར་ལ་ཞུགས་རྒྱུ་རེད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།