ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྐོར་ཞིབ་ཞིབ་དཔྱོད་ཐད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2025.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་ཕན་ཞུ་གཏུག་གི་སྐོར་ཞིབ་ཞིབ་དཔྱོད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་ཕན་ཞུ་གཏུག་སྐོར་ཞིབ་ཞིབ་དཔྱོད་བྱ་བའི་ཚོད་ལྟའི་སྒྲིག་སྲོལ་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ཐད་ཀྱི་སྤྱི་ཕན་ཞུ་གཏུག་སྒྲུབ་གཉེར་གྱི་རྩ་འཛིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་ཞུ་གཏུག་སྒྲུབ་གཉེར་གྱི་རྩ་འཛིན་སོགས་ཁྱབ་བསྒྲགས་བྱས། སྒྲོག་སྤེལ་ཚོགས་འདུ་སྟེང་ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་མི་ཤུགས་དང་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྤྱི་གླིང་དོ་དམ་ཅུའུ། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་སོགས་ཀྱི་འགན་ཁུར་བློ་མཐུན་དང་། མི་དམངས་ལྟ་རྟོག་པ་དང་གཙང་བོའི་འབྱུང་ཡུལ་དུ་སྤྱི་པའི་གཅེས་སེམས་གཙོར་འཛིན་པ་ཞེས་པའི་དང་བླངས་བའི་འཐུས་མི་བཅས་ཞུགས་ཡོད།

སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱབ་ལྗོངས་དང་གཞི་རྩའི་རྩ་དོན། འགན་ནུས་ངེས་གནས། ལས་སྒྲུབ་གོ་རིམ་སོགས་ཕྱོགས་ནས་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཉེ་སྔོན་གཏན་ཁེལ་བྱས་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་པའི་ཞུ་གཏུག་གི་སྐོར་ཞིབ་ཞིབ་དཔྱོད་བྱ་བའི་སྒྲིག་སྲོལ་དང་ནགས་རྩྭའི་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་གཙོ་གནད་ཁྱབ་ཁོངས་གཉིས་ཀྱི་ལས་སྒྲུབ་རྩ་འཛིན་གསལ་བཤད་བྱས། དེ་དང་མཉམ་དུ་དཔེ་མཚོན་གྱོད་གཞིའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས་ཞོན་ཧྭ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྐུལ་སྒྲུབ་བྱས་པའི་རྡོ་ཟེགས་རྒྱུ་ཆ་ལས་སྣོན་ས་ཁུལ་གྱིས་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གནོད་པ་བཟོས་པའི་སྤྱི་པའི་སྲིད་དོན་ཞུ་གཏུག་གྱོད་གཞི་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་མི་དམངས་ཞིབ་དཔྱོད་ཁང་གིས་ལུའུ་ཆེ་གོ་མོ་སོགས་མི་ལྔ་ཡིས་རྩ་ཆེ་ཞིང་གྲངས་འབོར་ཉུང་བའི་རི་སྐྱེས་སྲོག་ཆགས་ལ་གནོད་པ་བཏང་བ་ཞུ་གཏུག་བྱེད་པ་སོགས་དཔེ་མཚོན་གྱོད་གཞི་བརྒྱད་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དང་མདོ་ལ་རི་བོའི་ལྷོ་བརྒྱུད་ཀྱི་མཚོ་སྔོན་ས་ཁོངས། མཚོ་སྔོན་པོ་བསྐོར་བའི་ཁུལ་སོགས་ས་ཁུལ་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པ་སོགས་ཁྱབ་བསྒྲགས་བྱས།

མི་ཕམ་གྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།