
ཟླ9པའི་ཚེས27ཉིན། ཀྲུང་གུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི། མཚོ་སྔོན་ཡུས་ཧྲུའུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས།
འོས་སྦྱོར་ཚོགས་འདུས་ལས་གཉེར་དང་ངོ་སྤྲོད། འགྲེམས་ཚོང་བཅས་གནས་གསུམ་གཞི་གཅིག་ཅན་གྱི་རྣམ་པ་བརྒྱུད་དེ། ཡུས་ཧྲུའུ་ཡི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འབྲི་ཆུའི་ཟུར་གསུམ་གླིང་གི་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་བཏང་བ་དེས། ཡུས་ཧྲུའུ་ཡིས་ཐོན་ལས་ཁྲོམ་ར་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་པ་དང་། ཧྲང་ཧའེ་དང་ཡུས་ཧྲུའུ་ཡི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
འོས་སྦྱོར་ཚོགས་འདུའི་སྟེང་དུ། ཡུས་ཧྲུའུ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་གཅིག་སྡུད་སྒོས་འགྲེམས་སྟོན་བྱས་པ་དང་། ཡུས་ཧྲུའུ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ཡུས་ཧྲུའུ་ཡི་འཕེལ་རྒྱས་ལེགས་ཆ་དང་མཉམ་ལས་མདུན་ལམ་མཚམས་སྦྱོར་བྱས་པ་དང་། ཞིང་ཕྱུགས་ཐོན་ལས་ཀྱི་ཁྱད་ཆོས་དང་སྤུས་ཚད་ཚད་གཞི། རིག་གནས་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག་སོགས་ཀྱི་ཐད་ནས་ཆེད་དོན་འོས་སྦྱོར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།