མདོ་ལའི་ནོར་གནག་ལ་རྒྱལ་ཁབ་ཀྱི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ།
2025.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་ཚན་ཆུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སོང་ནས། མདོ་ལའི་ནོར་གནག་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་ཏེ་དཔྱད་འཇོག་ལ་གྲོས་འཆམ་བྱུང་ལ། དེ་ནི་མདོ་ལའི་ལུག་གི་རྗེས་སུ། མཚོ་བྱང་ཁུལ་གྱིས་ཕྱུགས་རྒྱུད་ལས་རིགས་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་ལ། ས་གནས་དེ་གའི་ནོར་གནག་གི་རྒྱུད་འཛིན་ཐོན་ཁུངས་ལ་སྲུང་སྐྱོབ་དང་གསར་སྤེལ་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་གྱིན་ཡོད།

ཆེད་མཁས་ཚན་ཆུང་སྔ་རྗེས་སུ་མདོ་ལ་རྫོང་གི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འགྲེམས་སྟོན་ཁང་དང་། མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་འབྲོག་ཁྱིམ་ཚང་ནོར་གནག་གསོ་སྤེལ་རྟེན་གཞིར་སོང་ནས། ཡུལ་དངོས་སུ་ལྟ་ཞིབ་དང་གསོ་སྤེལ་གཙོ་བོར་དངོས་བཅར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མདོ་ལའི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་དང་ཐོན་ཁུངས་ཉར་ཚགས་ཀྱི་གནས་ཚུལ། རྒྱུད་སྤེལ་གནས་ཚུལ་བཅས་གོ་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས། ཡུལ་དངོས་ཀྱི་ཞིབ་བཤེར་སྙན་ཞུའི་ཚོགས་འདུའི་སྟེང་དུ། ཆེད་མཁས་ཚན་ཆུང་གིས་ཆེད་དོན་སྙན་ཞུར་ཉན་པ་དང་འབྲེལ་ཏེ་འདྲི་རྩད་རིགས་པས་ཁུངས་སྐྱེལ་བྱས་པ་དང་ཕྱོགས་ཡོངས་ནས་དཔྱད་འཇོག་བྱས་པ་བརྒྱུད། ཕྱུགས་རྒྱུད་དེའི་དམིགས་ཚད་ཁག་ཚང་མ《ཕྱུགས་རིགས་དང་ཁྱིམ་བྱའི་རིགས་རྒྱུད་གསར་པའི་མ་ལག་ཆ་ཚང་ལ་ཞིབ་བཤེར་གཏན་འབེབས་དང་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་གསལ་འབྱེད་བྱེད་ཐབས》ཀྱི་འབྲེལ་ཡོད་བླང་བྱ་དང་ཀུན་ནས་མཐུན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།