སྤྲོ་སྐྱིད་ལྡན་པའི་གུང་གསེང་རོལ་ནས་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ།
2025.10.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་འབྲི་ཆུའི་ལྷོ་བྱང་དུ་དགའ་སྤྲོ་དང་འཆམ་མཐུན་གྱིས་ཁེངས།  མི་རྣམས་ཀྱིས་མཛེས་ལྗོངས་ལ་ལྟ་བ་དང་། ཟས་ཞིམ་ལ་རོལ་བ། འཁྲབ་སྟོན་ལ་ལྟོས་ནས། ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་སྤྲོ་སྐྱིད་ལྡན་པའི་གུང་གསེང་རོལ་ཏེ་གསོན་ཤུགས་ལྡན་པའི་ཀྲུང་གོའི་འཚོ་བར་རོལ།

སྤྲོ་སྐྱིད་ཀྱི་ངང་དུ་གུང་གསེང་རོལ་ནས་འཚོ་བ་སྐྱིད་པོ་རོལ། ཀུའེ་ཀྲིག་སི་ནན་ཏུ་ཚོན་ཁྲ་ཅན་གྱི་ལྒང་ཞུའི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་སྐྱོད་བྱེད་སྒོ་སྤེལ་ཏེ།  ཚོན་ཁྲ་ཅན་གྱི་ལྒང་ཞུ་ལ་དགའ་མཁན་ཁྲི་ལ་ཉེ་བས་ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་རྒྱན་གོས་སྤྲས་ཏེ།  ཁྲོམ་གཞུང་འགྲམ་གྱི་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་ཞུས། ཅི་ལིན་ཁྲང་ཁྲུང་ཞིན་རྨིན་ཁྲོམ་ཆེན་དུ། སྐོར་བསྐྱོད་རུ་སྟར10ཡིས་གླུ་ལེན་གར་འཁྲབ་བྱས་ཏེ། ཁྲོམ་ལམ་མི་ཚོགས་ཀྱིས་ཁེངས་ཤིང་། སྲོལ་རྒྱུན་གྱི་ཞོར་ཟས་དང་གསར་གཏོད་རིག་གནས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག ཞིན་ཅང་ཁ་ཧྲི་གནའ་གྲོང་དུ་མི་ཚོགས་མང་པོ་འདུས་ཤིང་། ཡུལ་སྐོར་བས་ཁྲོམ་གཞུང་དུ་པར་ལེན་པ་དང་གླུ་གར་འཁྲབ་སྟོན་ལ་ལྟོས་ནས། འཁྲུག་ཆ་དོད་པའི་རྣམ་པས་མི་མི་ཉུང་བ་ཞིག་དེའི་ནང་དུ་ཞུགས་ནས་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ། ཨན་ཧུའེ་ཧོའེ་ནན་ཧྲིག་རྫོང་གི་གནའ་གྲོང་དུ། རྒྱལ་སྟོན་སྐབས་སུ་འཁྲབ་སྟོན་དང་བྱེད་སྒོ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་འཁྲབ་སྟོན། འགྲོ་སྐྱོད་ཟློས་གར་སོགས་འཁྲུག་ཆ་དོད་པོའི་ངང་འཁྲབ་སྟོན་བྱས་ཏེ། ཡུལ་སྐོར་བ་མང་པོ་བཀུག  ཅང་སུའུ་ནན་ཅིན་གྱི“ཏ་ཆའོ་ལྒང་ཞུ”འགྲེམས་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། ཡུལ་སྐོར་བ་རྣམས་སྲང་ལམ་དུ་འཆམ་འཆམ་བྱེད་ཞོར་གཟུགས་འདས་ཤུལ་བཞག་གི་ལྒང་ཞུ་ལྟ་ཐུབ་པ་མ་ཟད་སྲོལ་རྒྱུན་རིག་གནས་ཀྱང་མྱོང་ཐུབ། སི་ཁྲོན་ཁྲིན་ཏུའུ་རུ་གསར་དུ་བསྐྲུན་པའི་གཞི་གྲངས་རིག་གནས་གསར་གཏོད་ཁྲོམ་གཞུང་དུ། འཕྲུལ་ཁྱིའི་འཁྲབ་སྟོན་སོགས་ཚན་རྩལ་གྱི་ཚོར་སྣང་ཧ་ཅང་ཟབ་པས། ཡུལ་སྐོར་བས་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱས། ཧང་ཀྲིག་ཞི་ཧུའུ་མཚེའུ་མཛེས་ལྗོངས་ཁུལ་དུ་འགྲུལ་པ་མང་པོ་སླེབས་ནས་གུང་གསེང་གི་ཉིན་དང་པོར་འགྲུལ་བའི་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་འབུམ་བཞི་དང་ཁྲི་བཞི་ལས་བརྒལ། ཧེ་ལུང་ཅང་གི་ཅ་དབྱིན་གྱི་ནགས་ཚལ་དུ་སྟོན་ཁའི་རྣམ་པ་དང་། མཛེས་སྡུག་རྣམ་པར་བཀྲ་བའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག

དུས་ཆེན་གྱི་མཚན་མོར་འོད་མདངས་རྣམ་པར་བཀྲ མདང་དགོང་ཅང་ཞི་ནན་ཁྲང་དུ་ཤོག་སྦག་གི་དགོང་ཚོགས་བསྡུས་ཤིང་། མི་མེད་གནམ་གྲུ5000དང་ཚོན་ཁྲ་ཅན་གྱི་ཤོག་སྦག་ཁྲི5ལྷག་འོད་ཆེམ་ཆེམ་དུ་འཕྲོས་ནས། དགའ་སྟོན་དང་འཁྲུག་ཆ་དོད་པའི་དུས་ཆེན་གྱི་རྣམ་པ་ཞིག་བཏོད། ཁྲུང་ཆིན་གཙང་པོ་གཉིས་ཀྱི་ངོགས་བཞིའི་གློག་འོད་ཆེམ་ཆེམ་དུ་འཕྲོ་ཤིང་། “ཁྱིམ་ཚང་དང་རྒྱལ་ཁབ་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་མེད་གནམ་གྲུའི་གློག་འོད་ངོམས་ནས་མེས་རྒྱལ་གྱི་དུས་ཆེན་ལ་སྨོན་འདུན་ཞུས། ཧོ་པེའི་ཀྲོ་ཀྲིག་གི“ཐོང་ཧོས་ལྒང་ཞུ”བཀྲམ་ཁུལ་དུ“འབྲུ་རིགས་སྣ་ལྔའི་ལོ་ལེགས”དང་། “ཁམ་བུའི་ལྡུམ་རར་མནའ་ཤག་སྒྲིག་པ”“ལོ་རྟགས་བཅུ་གཉིས”སོགས་ཀྱི་ལྒང་ཞུ་མང་པོར་གསོན་ཉམས་ལྡན།

གུང་གསེང་སྐབས་ཀྱི་འཛད་སྤྱོད་རྣམ་པ་གསར་པ་གཏོད། པེ་ཅིན་གྲོང་ཁྱེར་ལྟེ་གནས་ཀྱི་མིས་བཟོས་གཙང་པོ་རུ་སྲོལ་རྒྱུན་གྱི་དམངས་གཞས་འཁྲབ་སྟོན་དང་། གྱོན་ཆས་ཤོམ་འགྲོ ད་དུང་ཁྱད་ལྡན་ཞིམ་ཟས་དང་། རིག་གནས་གསར་གཏོད་ཐོན་རྫས་གསར་པ་བཅས་ཀྱིས་དུས་ཆེན་གྱི་འཛད་སྤྱོད་དར་རྒྱས་སུ་བཏང་། ཧྲང་ཧའེ་ཧོང་ཕུའུ་གཙང་བོའི་འགྲམ་དུ་བསྟུད་མར་ཉིན་བརྒྱད་ཀྱི་རོལ་དབྱངས་དུས་ཆེན་གཏོང་འགོ་ཚུགས་ཏེ། གྲོང་ཁྱེར་དང་རོལ་དབྱངས་གར་སྟེགས་བཅས་གཞི་གཅིག་ཏུ་འདུས་པའི་འཛད་སྤྱོད་ཀྱི་རྣམ་པ་གསར་པར་བརྟེན་ནས་གཞོན་ནུ་མང་པོ་བཀུག

མདང་དགོང་། ཞང་ཀང་གིས་ཝི་ཏུའོ་ལི་ཡ་གྲུ་ཁ་རུ་རྒྱལ་སྟོན་གྱི་ཤོག་སྦག་འཁྲབ་སྟོན་བྱས་པ་དང་ཤོག་སྦག་ཁྲི3གྱིས་མཚན་མོའི་མཁའ་དབྱིངས་གསལ་བར་འཕྲོ་ཤིང་། འཁྲབ་སྟོན་ད་དུང་ཏུང་ཅང་གཙང་པོ་དང་། དོམ་ཁྲ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སོགས་ཀྱི་རྣམ་པ་མངོན་ནས།  གྲོང་མི་དང་ཡུལ་སྐོར་བ་མང་པོ་ལྟད་མོར་བཀུག ཨའོ་མོན་དུ《བུ་ཕྲུག་བདུན་གྱི་གླུ་དབྱངས》སོགས་གླུ་གཞས་དང་བསྟུན་ནས། བཟོ་དབྱིབས་མི་འདྲ་བའི་ཤོག་སྦག་མཚན་མོའི་མཁའ་དབྱིངས་སུ་བཞད་དེ། མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས། ཉིན་དེའི་དགོང་མོར་ད་དུང“མེ་སྡོང་དངུལ་གྱི་མེ་ཏོག་གི”བྱ་འགུལ་སྤེལ་ཏེ། ལྟད་མོ་བར་སྤྲོ་སྣང་སྔར་ལས་ཆེ་བར་བྱས།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།