རང་ཞིང་གིས་སྡེ་ཁག་དགུ་རྩ་འཛུགས་བྱས་ཏེ་ཀྲུང་གོའི་རྒྱལ་སྤྱིའི་བརྩམས་དབང་དངོས་མང་བཤམས་སྟོན་ཚོགས་འདུ་ཐེངས་བཅུ་པར་ཞུགས།
2025.10.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ10པའི་ཚེས16ཉིན་གྱི་སྔ་དྲོར།    གྲངས་ནུས་ཀྱིས་མ་འོངས་སྣེ་ཁྲིད་དང་བརྩམས་དབང་གསར་གཏོད་འཕེལ་རྒྱས་བརྗོད་དོན་ཡིན་པའི་ཀྲུང་གོའི་རྒྱལ་སྤྱིའི་བརྩམས་དབང་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཅུ་པ་དང་ཉིས་སྟོང་ཉེར་ལྔ་ལོའི་རྒྱལ་སྤྱིའི་བརྩམས་དབང་གླེང་སྟེགས་དེ་ཆིན་ཏའོ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས།

བརྩམས་དབང་དངོས་མང་བཤམས་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར།  ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།   མཚོ་སྔོན་པའོ་ཅན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི།   མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་སོགས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་ལས་རིགས་སྡེ་ཁག་དགུ་བདམས་ནས་འགྲེམ་སྟོན་ལ་ཞུགས་པ་དང་།   མཚོ་སྔོན་གྱིས་པར་སྐྲུན་བྱས་པའི་དཔེ་དེབ་དང་ཧོར་གྱི་གཙགས་དྲུབས།      ཁྱད་ལྡན་རིག་གནས་གསར་གཏོད།   ཞིང་ཕྱུགས་ཐོན་རྫས་སོགས་རིགས་ཆེན་པོ་དྲུག་གི་བརྩམས་དབང་གྲུབ་འབྲས་སྟོང་ལྷག་འགྲེམ་སྟོན་བྱས་ནས།   ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་གྱི་བརྩམས་དབང་བྱ་བའི་ལག་ལེན་གྲུབ་འབྲས་དང་གསར་གཏོད་ཐོད་བརྒལ་ཕྱོགས་ཡོངས་ནས་མངོན་པར་བྱས།   ཡུལ་དངོས་སུ་དུས་མཉམ་དུ་སྤེལ་བའི་བོད་ཀྱི་ཡིག་གཟུགས་བཤམ་འཁྲབ་ཀྱིས་སྨྱུ་གུ་དང་སྣག་ཚ་ལ་བརྟེན་ནས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་བརྒྱུད་སྒྲོག་བྱས་པ་དང་།   ཡུལ་དངོས་ལྟད་མོ་མང་པོ་ཞིག་གིས་མྱོང་རོལ་དང་ཕན་ཚུན་བརྗེ་རེས་བྱས།

ཐེངས་འདིར་འགྲེམ་སྟོན་ལ་ཞུགས་པ་ནི་མཚོ་སྔོན་གྱི་རིག་གནས་བརྩམས་དབང་གྲུབ་འབྲས་ཀྱི་གཅིག་བསྡུས་འགྲེམ་སྟོན་ཐེངས་ཤིག་ཡིན་པར་མ་ཟད།  བརྩམས་དབང་འབྲེལ་ཟམ་དུ་བྱས་ཏེ་མི་རིགས་རིག་གནས་དང་གྲངས་ནུས་དུས་རབས་ཀྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཐེངས་ཤིག་ཀྱང་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།