
དཀར་ཡོལ་གྱི་ནང་དུ་ཁ་ཚའི་སྣུམ་དམར་པོ་འཁྱིལ་ཡོད་ལ། ཕྱེ་ཐུག་གི་མདོག་སེར་པོ་ཡིན་པའི་མཚོ་སྔོན་གྱི་འཐེན་ཐུག་དཀར་ཡོལ་གང་དང་། རླངས་པ་ཐུ་ལུ་ལུ་བྱེད་པའི་ལུག་ཤ་སྡེར་མ་གང་། བྲོ་བ་ཞིམ་ཞིང་འཚོ་བཅུད་ལྡན་པའི་སྐམ་ཤ་སོགས་གང་མང་ཡོད། ཟླ10ཚེས17ཉིན་ཐེན་ཅིན་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་འགོ་བརྩམས་པའི་སྐབས་ཉེར་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཆོགས་འདུའི་སྟེང་། མཚོ་སྔོན་འགྲེམས་ཚོགས་ཀྱིས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས260ལྷག་འགྲེམས་སྟོན་བྱས་ཏེ། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཚོང་པ་དང་ཡུལ་སྐོར་བར“”དྭངས་གཙང་གི་མཚོ་སྔོན། མཐོ་སྒང་གི་རྫས་མཆོག"ཅེས་པའི་ཐུན་མོང་མ་ཡིན་པའི་མཛེས་པ་ཉམས་སུ་མྱོང་དུ་བཅུག
མཚོ་སྔོན་འགྲེམས་ཁུལ་དུ་སོང་བ་ན། མཐོ་སྒང་གི་རྣམ་པས་ཡོངས་སུ་ཁེངས་པའི་དངོས་མང་འགྲེམ་སྟོན་ཁང་ཞིག་ཏུ་སླེབས་པ་དང་འདྲ། འདི་རུ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ནས་དང་འཕང་འབྲས་སོགས་ཀྱི་ཚོང་རྟགས་གྲགས་གཅིག་བསྡུས་ཀྱིས་མངོན་ཡོད་པར་མ་ཟད། དེ་བས་ཞིང་མངར་ལྡན་པའི་འཐེན་ཐུག་དང་། ཁ་ནང་ལ་བཞག་པ་ཙམ་གྱིས་ཞུ་འགྲོ་བའི་ཆུ་གྲང་མོའི་སན་བིན་ཉ། འཕང་འབྲས་ཀྱི་ཁུ་བ་དང་སྟར་རུའི་ཁུ་བའི་བཏུང་ཆུ་སོགས་ཡོད། འགྲེམས་སྟོན་ནང་ཞུགས་ཡོད་པའི་ཁེ་ལས་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་སོ་སོའི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི“མཚོ་སྔོན་རྟགས་ཅན”གྱི་ཚོང་ཟོག་དེ་དག་ལས། མཚོ་སྔོན་གྱི་ཞིང་འབྲོག་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་བླངས་བ་མངོན་ཡོད།
ཐེངས་འདིའི་ཞིང་ལས་ཉོ་ཚོང་ཚོགས་འདུའི་སྟེང་། “ཡུལ་ཤུལ་ནོར་གནག”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དེ"སྤུས་རྟགས་ཀྱི་མཚན་མོ"ཞེས་པའི་ཐད་གཏོང་གི་ཞིང་ལས་རོགས་སྐྱོར་བྱེད་སྒོའི་ནང་བདམས་པ་དང་། སྤུས་རྟགས་དེས་སྨྱན་སྦྱོར་གསར་པའི་ཐབས་ལམ་ལ་བརྟེན་ནས། མཐོ་སྒང་གི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དེ་ཁྲོམ་ར་ཆེན་པོའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་ཚོགས་སྒྲིག་རྣམ་པས་ཐེན་ཅིན་དུ་བསྐྱོད་པ་ནི་འགྲེམས་སྟོན་འགྲེམས་ཚོང་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་མཉམ་ལས་དང་ཕྱིར་འཚོང་རྒྱུད་ལམ་འཚོལ་ཞིབ་བྱེད་པའི་ཕྱོགས་གཉིས་བརྗེ་རེས་ཤིག་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་ལས་སྟེགས་འདིར་བརྟེན་ནས། མཚོ་སྔོན་ཞིང་འབྲོག་ཐོན་རྫས་ཀྱི་གཏམ་རྒྱུད་ལེགས་པར་བརྗོད་དེ་ལྗང་མདོག་སྐྱེ་ལྡན་གྱི་མཚོ་སྔོན་ཐོན་རྫས་དེ་རྒྱལ་ཡོངས་འཛད་སྤྱོད་པས་ལོངས་སུ་སྤྱོད་ཐུབ་པར་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།