མཚོ་སྔོན་གྱི་ལོ་ལོན་རྒན་པའི་བཟའ་བཏུང་ཞབས་ཞུས་ལོ་རེར་ལོ་ལོན་འབུམ་གཅིག་ལ་ཕན་བཏགས།
2025.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མཚོ་སྔོན་དུ་གྲོང་ཁྱེར་སྡེ་ཁུལ་གྱི་རྒན་གསོའི་བཟའ་བཏུང་ཞབས་ཞུ་ས་ཚིགས217བསྐྲུན་ཡོད་པ་དང་། གྲོང་གསེབ་རོགས་རེས་བདེ་སྐྱིད་ཁང538ཡིས་བཟའ་བཏུང་གི་ཞབས་ཞུ་མཁོ་འདོན་བྱས་པའི་དབང་གིས། ལོ་རེར་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ལོན་དང་ལོ་ན་མཐོ་བའི་ལོ་ལོན་འབུམ་གཅིག་ལ་ཕན་པ་ཐོབ་ཡོད།

མཚོ་སྔོན་གྱིས་ལོ་ལོན་ཚོགས་སྤྱིའི་བཟའ་བཏུང་ཞབས་ཞུའི་དགོས་མཁོར་དམིགས་ཏེ། སྣ་མང་ཅན་གྱི་གསར་གཏོད་བྱེད་ཐབས་ལ་བརྟེན་ནས། བཟའ་བཏུང་ཞབས་ཞུའི་མ་ལག་བཙུགས་ཏེ། ལོ་ལོན་གྱི་ཟ་མ་ཟ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། གྲོང་ཁྱེར་དུ་ད་ཡོད་ཀྱི་རྒན་གསོ་སྒྲིག་བཀོད་དང་བཟའ་བཏུང་ཚོང་ཁང་ལ་བརྟེན་ནས་བཟའ་བཏུང་ཞབས་ཞུ་ས་ཚིགས་བཙུགས་ནས། ཁྲོམ་གཞུང་ལ“ཀྲུང་དབྱང་ཐབ་ཚང”དང་སྡེ་ཁུལ་ལ“བདེ་སྐྱིད་ཟ་ཁང”གི་འཐུས་སྒོ་ཚང་བའི་དྲ་རྒྱ་གྲུབ་ཡོད། ཟི་ལིང་གྲོང་ཁྱེར་གྱིས་ཐབས་ལམ་སྣ་མང་ལ་བརྟེན་ནས་རིམ་པ་ལྔའི་ཟ་མ་གཡོས་སྦྱོར་དང་ཟ་མ་སྐྱེལ་བ། ཟ་མ་སྡེབ་པའི་ཞབས་ཞུའི་མ་ལག་བཙུགས་ནས། གྲོང་ཁྱེར་གྱི་ལོ་ལོན་ཚོར་སྟབས་བདེ་ཡིན་ལ་ཕན་འབྲས་ཆེ་བའི་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱས།

གྲོང་གསེབ་ཏུ་གྲོང་གསེབ་རོགས་རམ་བདེ་སྐྱིད་ཁང་འཛུགས་སྐྲུན་བྱས་པ་བརྒྱུད། “གཅིག་བསྡུས་ཀྱིས་བཟའ་བཏུང་ཞབས་ཞུའི”རྣམ་པ་འཚོལ་ཞིབ་བྱས་ཏེ། དགོས་མཁོ་ཡོད་པའི་ལོ་ལོན་ལ་གཅིག་སྡུད་སྒོས་བཟའ་བཏུང་གི་ཞབས་ཞུ་སྤེལ་བཞིན་ཡོད། 2025ལོར་མཚོ་སྔོན་གྱིས་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཉིས་ཁྲི་དྲུག་བཏང་ནས། གྲོང་གསེབ་ཀྱི་རོགས་རམ་བདེ་སྐྱིད་ཁང100བསྐྲུན་ཏེ། བཟའ་བཏུང་ཞབས་ཞུ་ས་ཚིགས220ལ་སྒྲིག་ཆས་གསར་བརྗེ་བྱས་ཡོད། མཚོ་ཤར་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་བཟའ་བཏུང་གོམས་སྲོལ་ལ་བརྩི་འཇོག་བྱས་ནས་གཙང་དངོས་ཟ་ཁང་བཙུགས་པ་དང་། གྲོང་ཚོ་དང་དམངས་ཁྲོད་ཕན་ཚུན་རོགས་རམ་གྱི་ཞབས་ཞུ་སྤེལ་ཏེ། གྲོང་གསེབ་ཀྱི་ལོ་ལོན་རྣམས་ཀྱིས་རང་གི་སྒོ་འགྲམ་དུ“ཟ་མ་ཚ་པོ”ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། འབྲོག་ལས་གྲོང་ཚོས་ཁྱིམ་མཚེས་ཕན་ཚུན་རོགས་རམ་དང་སྒོ་འགྲམ་དུ་ཟ་མ་གཡོས་སྦྱོར་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་ཀྱི་ལོ་ལོན་གྱིས་ཟ་མ་བསྟེན་དཀའ་བར་རོགས་རམ་བྱེད་པའི་ཞབས་ཞུའི་དགོས་མཁོ་སྟབས་བསྟུན་དང་སྣ་མང་ངང་ཐག་གཅོད་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།