
ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོའི་ཁྱིམ་ཚང་གི་གཉེན་སྒྲིག་འགལ་བ་ཞིག་སྡེ་ཁག་མང་པོའི་མཐུན་སྦྱོར་མཉམ་འགུལ་འོག་འོས་འཚམ་གྱིས་ཐག་གཅོད་བྱས།
རྨ་ཆེན་རྫོང་གིས་ཐག་གཅོད་བྱེད་ཐབས་གསུམ་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དེ་གཞན་འགུལ་ཐག་གཅོད་ནས་རང་འགུལ་ལེགས་བཅོས་ཕྱོགས་སུ་ཚུར་སྒྱུར་བྱས། ལས་འགན་དེ་ཚད་བཀག་ཏུ་བསྒྱུར་ཏེ། ཏང་ཨུས་འགོ་ཁྲིད་དང་སྡེ་ཁག་མཉམ་འགུལ། དམངས་ཡོངས་ཟབ་ཞུགས་བཅས་ཀྱི་སྒྲིག་གཞི་ཆགས་པར་སྐུལ་འདེད་གཏོང་བ་དང་། གཅིག་ཅན་བཅུ་བདུན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་འགན་གསལ་ཐོ་ཞིབ་ཕྲར་བཟོ་བ་དང་ཆེད་དོན་འགུལ་སྐྱོད་དྲུག་ལ་བརྟེན་ནས་འབུར་ཐོན་གནད་དོན་ལ་ཐད་ཀར་ཁ་གཏད་འཇལ་དགོས། དེ་དང་མཉམ་དུ། གནད་འཁེལ་ཐག་གཅོད་ཀྱིས་ཕྱོགས་མང་དོ་དམ་གྱི་ཚབ་བྱེད་པ་དང་། དམིགས་གཏད་རང་བཞིན་གྱིས་རྐྱེན་སྲོལ་གྱི་བྱ་བ་ལེགས་པོར་བསྒྲུབ་ནས། འབྲོག་ཁུལ་ཧྥིན་ཆའོ་ཡི་རྨ་ཆེན་གྱི་བྱེད་ཐབས་དྲུག་པོ་དེ་ཐག་གཅོད་མ་ལག་ཁྲོད་འཇོག་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་མི་སྣ་དང་འབྲོག་པ་ཏང་ཡོན་སོགས་ཀྱི་སྟོབས་ཤུགས་ལེགས་སྒྲིག་བྱས་ཏེ། ཁ་ཏ་སློབ་གསོ་དང་འདུམ་འགྲིག་བཅར་འདྲིའི་བྱེད་ཐབས་བཞི་ལག་བསྟར་བྱེད་དགོས། སྡེ་ཁག་བཅུ་གཉིས་མཉམ་འགུལ་གྱིས་དཀའ་གནད་འགག་སྒྲོལ་བྱས་པས། འཕྲིན་བཅར་བྱེད་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་དྲུག་མར་ཆག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཐོན་ཁུངས་གཅིག་འདོམས་བྱས་ཤིང་། ས་ཚིགས་གཅིག་ཅན་གྱི་རྣམ་པས་འགལ་བ་ཐག་གཅོད་བྱས་པས། སྤྱིའི་འགལ་བ་ཐག་གཅོད་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་ཡོད།
དེ་ལས་གཞན། རང་འགུལ་གྱིས་མང་ཚོགས་རྣམས་ལྟ་མཁན་ནས་ཁྱིམ་བདག་ཏུ་འགྱུར་བར་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་བརྒྱད་བརྒྱ་དོན་བརྒྱད་དེ་འབྲོག་ཁྱིམ་དུ་སོང་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས། འབྲོག་པ་རྣམས་འདུམ་འགྲིག་པ་དང་ཏང་ཡོན་རྒན་པ་པར་གྱུར་ནས་དྲིལ་སྒྲོག་མཁན་བྱས་པ་དང་། བཅོས་སྐྱོང་གསུམ་མཉམ་འབྲེལ་གྱིས་འབྲོག་ཁུལ་བཅོས་སྐྱོང་དེ་སྲིད་གཞུང་གིས་ཐག་གཅོད་པ་ནས་མང་ཚོགས་ཀྱིས་རང་འགུལ་ངང་རེ་ཞུ་བྱེད་པའི་ཕྱོགས་སུ་འགྱུར་བར་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།