
ཟླ10པའི་ཚེས16ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་ཐོག་མའི། ཅང་སུའུ་དང་མཚོ་སྔོན་གྱིས་མཉམ་དུ་འབྲུ་ཏ་ས་འཛིན་གྱི་སྟེགས་བུ་སྐྲུན་པའི་ཚན་རྩལ་སྒོ་ར་ཆུང་ངུའི་སྒོ་བྱང་དངོས་སུ་བཀལ་བ་དང་། དེས་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ཡི་རྣམ་པ་རིམ་སྤོར་བྱས་པ་མངོན་པར་མཚོན་ཞིང་། ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུག་ཤུགས་གསར་པ་སྣོན་ངེས་ཡིན།
ཚན་རྩལ་གྱི་སྒོ་ར་ཆུང་ངུ་ནི་ཅང་སུའུ་ཞིང་ཆེན་གྱི་ཞིང་སྡེ་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱིས་གུང་ཧོ་རྫོང་ལ་ཁྱིམ་ཚང་གི་ཞིང་ར་བསྐྲུན་པར་མངགས་བཅོལ་བྱས་ནས་བསྒྲུབས་པ་ཞིག་ཡིན་ལ། དེ་ནི་འཇོན་མི་གསོ་སྐྱོང་དང་ཚན་རྩལ་གསར་གཏོད། ཞིང་ལས་དཔེ་སྟོན། ཞིབ་སྦྱོང་བརྗེ་རེས་བཅས་གཞི་གཅིག་ཅན་གྱི་ཐོན་སློབ་ཞིབ་སྤྱོད་ཀྱི་ཚན་རྩལ་ཁྱབ་བརྡལ་གཏོང་བའི་རྟེན་གཞི་ཞིག་ཡིན། རྣམ་པ་དེས་སྲོལ་རྒྱུན་གྱི་ཁ་གཏད་རོགས་སྐྱོར་ཁྲོད་མི་སྣ་གསོ་སྦྱོང་དང་ཐོན་ཁུངས་ཀྱིས་རྒྱབ་སྐྱོར་བྱེད་པའི་རྣམ་པ་རྐྱང་བར་ཐོད་བརྒལ་བྱས་ཏེ། འབྲེལ་ཐག་ཧྲིལ་བོའི་ཞིང་ལས་ཚན་རྩལ་ཞབས་ཞུས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།