ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ལྟ་སྐོར་སྐུལ་འདེད་ཚོགས་འདུ་རྟ་ཐང་དུ་བསྡུས།
2025.11.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ11པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ལྟ་སྐོར་སྐུལ་འདེད་ཚོགས་འདུ་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་དང་།    གྲོང་ཁྱེར་དང་ཁུལ་སོ་སོའི་ཨུ་ཡོན་ལྷན་ཁང་གི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་།    ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་རྟ་ཐང་རྫོང་གི་རང་གཉེར་སྨྱན་སྦྱོར་མནའ་འབྲེལ་དང་།    དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས།    མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ལ་ལྟ་སྐོར་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་།    རྟ་ཐང་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་སོགས་ཆ་འཕྲིན་སྡེ་ཁག་དང་། རྟ་ཐང་རྫོང་ཞིན་ཀྲོང་གྲོང་རྡལ་གྱི་ཏང་ཨུ།   དེ་མིན་དྲ་རྒྱའི་མི་སྣ་གྲགས་ཅན་གྱི་འཐུས་མིས་བརྗེ་རེས་གཏམ་བཤད་བྱས།

ཚོགས་འདུའི་ཐོག་བསྟན་དོན།  ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་མངའ་ཁོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་། དྲ་རྒྱའི་ཆ་འཕྲིན་སྡེ་ཁག་གིས་སྣེ་ཁྲིད་བྱས་ནས་འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ་དང་།    གོང་འོག་མཐུན་སྦྱོར་མཉམ་འགུལ་བཅས་ཀྱི་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་།  ཏང་གིས་དྲ་རྒྱའི་ཆ་འཕྲིན་བྱ་བར་འགོ་ཁྲིད་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་པ། དྲ་རྒྱའི་ཆ་འཕྲིན་མངའ་ཁོངས་ཀྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་སྔར་ལས་ནུས་ལྡན་བྱུང་བ།   དྲ་རྒྱའི་ཆ་འཕྲིན་མངའ་ཁོངས་ཀྱི་གཙོ་གནད་བྱ་བར་ཕན་འབྲས་མངོན་གསལ་བླངས་ཡོད།

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ།    “སྤྱི་ཚོགས་ཅན”དང“ཁྲིམས་སྐྱོང་ཅན”འབུར་དུ་དོད་ནས། བཅོས་སྐྱོང་ཀྱི་ནུས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་།    སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ།   སྟེགས་བུའི་བྱེད་ནུས་གཅིག་བསྡུས་དང་ཞབས་ཞུའི་རིམ་སྤར་ལ་ཤུགས་བསྣན་ནས་དྲ་ཐོག་དང་ཡུལ་དངོས་ཀྱི་བཅོས་སྐྱོང་ཟློས་མཐུན་མཉམ་འདར་བྱེད་དགོས། སྦྲེལ་དྲའི་ཆ་འཕྲིན་ནང་དོན་དོ་དམ་ཁྲིམས་ལུགས་ཁྲིམས་སྲོལ་ཅན་དུ་དོན་འཁྱོལ་ནན་མོ་བྱེད་པ་དང་།  སྟེགས་བུའི་གཙོ་གཟུགས་ཀྱི་འགན་འཁྲི་དང་ལས་རིགས་རང་གཅུན་གྱི་འོས་འགན་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ། “དྭངས་གསལ”མུ་འབྲེལ་ཆེད་དམིགས་བྱ་སྤྱོད་མུ་མཐུད་དུ་སྤེལ་བ།  དྲ་རྒྱའི་ཟང་ཟིང་སྣ་ཚོགས་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ། དྲ་རྒྱའི་ཁྲིམས་འཛིན་གཏིང་ཟབ་ཏུ་གཏོང་བ། སྒྲིག་ལམ་ཁྱབ་སྤེལ་ཚད་ལྡན་དུ་གཏོང་བ།  དྲ་རྒྱ་ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་དྲ་རྒྱའི་ཆ་འཕྲིན་གྱི་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།

ཤ་བོ་རིན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།