མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འགན་སྲུང་གི་དགུན་དུས་ཀྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་མགོ་བརྩམས།
2025.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ཆར། ཞིང་ཆེན་དམངས་སྲིད་ཐིན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འགན་སྲུང་གི་དགུན་དུས་ཀྱི་འགག་སྒྲོལ་འགུལ་སྐྱོད་ཇུས་གཞི་པར་འགྲེམས་བྱས་ནས།  2025ལོའི་ཟླ11པ་ནས2026ལོའི་ཟླ3པའི་བར་བཀོད་སྒྲིག་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འགན་སྲུང་གི་དགུན་དུས་ཀྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་མགོ་བརྩམས།

འགུལ་སྐྱོད་ཇུས་གཞིའི་ནང་མིག་སྔའི་འགན་ལེན་ལས་དོན་ཁྲོད་ཆ་རྐྱེན་དང་མཐུན་པའི་མི་སྣར་འགན་སྲུང་བྱེད་དགོས་ཀྱང་འགན་སྲུང་ཐོབ་མེད་པ་དང་།  གནས་སྐབས་རོགས་སྐྱོབ་ཀྱི་ཕན་ནུས་མི་མཐོ་བ།  རོགས་སྐྱོབ་མ་དངུལ་དུས་ཐོག་དང་གྲངས་འབོར་འདང་ངེས་སྤྲོད་བྱེད་མི་ཐུབ་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞིབ་བཤེར་དང་། ཆ་འཕྲིན་མཉམ་སྤྱོད་ཞིབ་བཤེར།  སྲིད་ཇུས་ཚད་ལྡན་དོན་འཁྱོལ་བྱེད་པ།  མ་དངུལ་གཏོང་སྤྲོད་དོ་དམ།  སྲིད་ཇུས་དྲིལ་བསྒྲགས་སྒྲོག་འགྲེལ་སོགས་གཙོ་གནད་ལས་རིམ་ལ་དམིགས་ནས་བླང་བྱ་ཁ་གསལ་བཏོན་ཏེ། ཞིབ་བཤེར་འཚམས་འདྲི་དང་། འགན་སྲུང་ཁེབས་ཚད། མ་དངུལ་གཏོང་བ། སྲིད་ཇུས་གསལ་བོར་ཤེས་པ། རེ་འདུན་སྐོང་བ་བཅས་ཀྱི་བརྒྱ་ཆའི་བརྒྱ་ལྔའི་དམིགས་འབེན་མངོན་འགྱུར་ཡོང་བར་བརྩོན་ལེན་བྱས་ཏེ།  དམངས་འཚོའི་འགན་སྲུང་གི་མ་མཐའི་མཚམས་ཐིག་ནུས་ཤུགས་ཡོད་རྒུས་བརྟན་པོར་བཙུགས།

སྤྱི་ཚོགས་རོགས་སྐྱོབ་ཐད་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མར་རེ་རེ་བཞིན་བཅར་འདྲི་དང་ཞིབ་བཤེར་བྱས་ཏེ་ལོ་ལོན་དང་། དབང་པོ་སྐྱོན་ཅན་། ནར་མ་སོན་པའི་མི། ནད་ལྗིད་མོ་ཕོག་པའི་ནད་པ་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དེ་བཞིན་གློ་བུར་གྱི་དོན་རྐྱེན་དང་།  བསམ་ཡུལ་ལས་འདས་པའི་དོན་རྐྱེན།  ནད་རིགས་ཚབས་ཆེན་སོགས་ཀྱི་དབང་གིས་འཚོ་བ་དཀའ་ངལ་གྱི་གནས་སུ་གྱུར་པའི་ཁྱིམ་ཚང་དང་མི་སྒེར་གནད་སར་བཟུང་ནས་དོ་ཁུར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  ད་ལོའི་ཚུན་དུ་གནས་སྐབས་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱས་ཟིན་པའི་ཡོང་འབབ་དམའ་བའི་མི་འབོར་ལ་ཁྱོན་ཡོངས་ནས་འཚམས་འདྲི་བྱས་ཏེ།  འགན་སྲུང་ནང་མ་ཚུད་པའི་མི་ལ་དུས་ཐོག་ཏུ་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བཤེར་བྱས་ཏེ།  ཆ་རྐྱེན་དང་མཐུན་པའི་རིགས་དབྱེ་ནས་རོགས་སྐྱོབ་འགན་སྲུང་ཁྱབ་ཁོངས་སུ་བཅུག  རོགས་སྐྱོབ་མ་དངུལ་དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ནས་ལོ་མཇུག་གི་མ་དངུལ་ཕྱིར་གཏོང་འཆར་འགོད་སྔ་སྣུར་བྱས་ཏེ། ཟླ11པའི་ཟླ་མཇུག་སྔོན་ལ་ཟླ11པ་ནས་ཟླ12པའི་བར་གྱི་འཚོ་བའི་འགན་སྲུང་དང་དམིགས་བསལ་དབུལ་ཕོངས་ཀྱི་རོགས་སྐྱོབ་མ་དངུལ་དུས་ཐོག་དང་གྲངས་འབོར་འདང་ངེས་སྟེར་བར་བརྩོན་ལེན་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།

དེ་དང་ཆབས་ཅིག  དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་ཕྱོགས་ནས།  སྲིད་ཇུས་དྲིལ་སྒྲོག་དང་རྩད་ཞིབ་གསལ་བོ་བྱེད་དགོས་པ་དང་། རྩད་གཅོད་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་བྱིས་པར་གནད་ལ་འཁེལ་བའི་ངོས་འཛིན་བྱས་ཐོག་འགན་སྲུང་ནང་ཚུད་པར་བྱེད་དགོས།  སྨན་བཅོས་འགན་སྲུང་སྡེ་ཁག་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་།  2026ལོའི་དྭ་ཕྲུག་དང་དོན་དངོས་སུ་གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་དཀའ་ངལ་ཡོད་པའི་བྱིས་པ་དག་རིན་མེད་དུ་འགན་སྲུང་ཁྲོད་ཞུགས་པའི་བྱ་བ་ཏན་ཏིག་ངང་བསྒྲུབ་དགོས་ལ།  སང་ཉིན་གྱི་འཆར་གཞི་དང་དྭ་ཕྲུག་གི་སློབ་རོགས་མ་དངུལ་རྣམ་གྲངས་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། མྱུར་མོར་དྭ་ཕྲུག་ལ་ལུས་ཕུང་བརྟག་དཔྱད་བྱེད་པར་རྩ་འཛུགས་བྱེད་པ་དང་དྭ་ཕྲུག་གི་སློབ་རོགས་མ་དངུལ་སྟེར་བའི་བྱ་བ་སོགས་བསྒྲུབ་དགོས་པའི་རེ་བ་བཏོན།

ཏིང་འཛིན་མཚོ་མོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།