ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི“སྤྱོད་གཙང་ཚུལ་མཐུན”དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ།
2025.12.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ12པའི་ཚེས11ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི“སྤྱོད་གཙང་ཚུལ་མཐུན”དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་དགེ་སློབ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་ལས་བཟོ་བའི་འཐུས་མི་བཅས་བསྡོམས་པས་མི800ལྷག་བྱེད་སྒོར་ཞུགས།

བྱེད་སྒོའི་བརྗོད་དོན་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས་ཞེས་པ་དེ་ཡིན་ལ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་དགེ་རྒན་ཚོགས་པའི་དགེ་རྒན་ཡོངས་དང་། “སྤྱོད་གཙང་ཚུལ་མཐུན”གཞུང་ལུགས་སྒྲོག་འགྲེལ་གཞུང་སྒྲུབ་ཁང་གི་རྐང་འཛིན་པ། “སྤྱོད་གཙང་ཚུལ་མཐུན”ཞེས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྒྲོག་འགྲེལ་པ་གྲགས་ཅན་བཅས་ཀྱིས་སྒྲོག་འགྲེལ་ཚོགས་པ་གྲུབ་ཡོད།

གཞི་གྲངས་ཞིབ་མོ་ཕྱོགས་བསྡུས་བེད་སྤྱོད་དང་གོ་བདེའི་སྐད་ཆས་སྒྲོག་འགྲེལ་བྱས་ཤིང་། བརྙན་ཐུང་དང་། ཡུལ་རྣམ་བཅར་འདྲི། གཏམ་བརྗོད། གཞུང་ལུགས་དང་གཟུགས་འདས་ཤུལ་བཞག་རིག་གནས་སོགས་མཉམ་འདྲེས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས། དུམ་ཚན་དགུའི་ནང་དོན་གསོན་ཉམས་ལྡན་པར་མཚོན་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚོང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་མི་སེམས་སུ་འདྲེས་པར་སྐུལ་འདེད་བཏང་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པར་འབད་བརྩོན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས།

སྒྲོག་འགྲེལ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མི་སྣས་འདོད་དོན། སྒྲོག་འགྲེལ་གྱི་བརྒྱུད་རིམ་ཡོངས་གཏིང་ཟབ་ཅིང་གོ་བདེ་ལ། གསོན་ཉམས་ལྡན་པར་མ་ཟད། གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་དྲོད་ཚད་ལྡན་པ་ཞིག་ཡིན་པས། ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ངར་ཤུགས་རྒྱས་སུ་འཇུག་ཐུབ་པས། དུས་བབ་དང་མཐུན་ཞིང་མི་སེམས་གཅིག་སྡུད་བྱ་ཐུབ། ཚང་མས་གཅིག་གྱུར་གྱིས་བལྟས་ན། ཐེངས་འདིའི་སློབ་སྦྱོང་གོ་སྐབས་སུ་བཟུང་སྟེ།  མངགས་བཅོལ་ཡིད་ལ་འཛིན་པ་དང་། དྲིན་ཚོར་ཡར་བསྐྱེད་བྱེད་པ། དོན་དངོས་ལ་རྐང་འཛུགས་པ་དང་དངོས་སྒྲུབ་དོན་འཁྱོལ་བྱེད་དགོས་ཤིང་། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་འཆར་འགོད་ལ་དམ་དུ་དམིགས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་འབད་འབུངས་བྱས་ནས། མཚོ་སྔོན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།