མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་བཞུགས་མོལ་ཚོགས་འདུ་བསྡུས།
2016.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་། འཕྲད་ཀྱིན་པའི་འགན་འཁྲི་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་བྱས་པར་མ་ཟད། ཁ་གཏད་རང་བཞིན་གསལ་བའི་སྒོ་ནས་རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ཕན་པའི་སྲིད་ཇུས་བྱེད་ཐབས་བཏོན། གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་གྱི་རྫོང་ཁོངས་དཔལ་འབྱོར་ནུས་པ་མངོན་གསལ་ཇེ་དྲག་ཏུ་སོང་ཡོད་པ་དང་། རྫོང་ཁོངས་ཁྱད་ཆོས་རིམ་པར་མངོན་གསལ་ཅན་དུ་གྱུར་ནས། འཕེལ་རྒྱས་ཀྱི་རྣམ་པ་བར་མ་ཆད་པའི་ངང་ལེགས་ལམ་ལ་ཕྱོགས་ཡོད། ཉིས་སྟོང་བཅོ་ལྔ་ལོར། ཚོགས་འདུར་ཞུགས་པའི་རྫོང་ཁག་བཅོ་ལྔ་

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།