
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་ལོ་རྒྱུས་སྟེང་གི་དར་གོས་ཚོང་ལམ་དང་མཚོ་ཐོག་དར་གོས་ཚོང་ལམ་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་གཅིག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནི་རང་རྒྱལ་གྱི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཁྱོན་ཡོངས་ནས་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། གཉིས་ཕན་མཉམ་རྒྱལ་སྤེལ་བའི་སྟེགས་བུ་གལ་ཆེན་ཡིན་པས། ང་ཚོས་ངེས་པར་དུ་ཆུ་ཚད་སྔར་ལས་མཐོན་པོ་དང་མཐོང་རྒྱ་སྔར་ལས་ཡངས་པོས་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་དང་དེར་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་། གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་བསམ་ཕྱོགས་ཀྱིས་བྱ་བ་སྣ་ཚོགས་གཟབ་ནན་སྒོས་བཟང་བོར་སྒྲུབ་སྟེ། ལམ་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་དོན་ངོ་མས་རྒྱུད་གཅིག་ལམ་གཅིག་ལས་བྱུང་བའི་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མཐའ་མཚམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིས་གོ་ཆང་གིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པ་དང་། བསམ་འཆར་དང་གྲོས་གཞི་