མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་སོ་བརྒྱད་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད།
2016.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

           གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་དོ་དམ་དྲ་ཚིགས་ཀྱིས་སྐོར་བཞི་བའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་པའི་སྡེ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་སོ་བརྒྱད་ཚུད་ཡོད་པ་དང་དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་སྡེ་བ་བདུན་ཡོད།

             རྒྱུས་ལོན་བྱུང་བ་ལྟར་ན། སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་རིག་གནས་པུའུ། ནོར་སྲིད་པུའུ་བཅས་ཀྱིས་རྩ་འཛུགས་བྱས་ཏེ་ཐོག་དང་པོར་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་སྡེ་བར་བརྟག་དཔྱད་གཏིང་ཟབ་བྱས་པ་དང་ས་གནས་སོ་སོས་ཐོག་མའི་དཔྱད་འཇོག་དང་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་། སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་དང་འཕེལ་རྒྱས་ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་གཏན་ཁེལ་བྱས་པར་མ་ཟད་ཁྱབ་བསྒྲགས་བྱས་ཏེ་སྐོར་དང་པོར་སྡོམ་པས་སྲུང་སྐྱོབ་ཀྱི་རིན་ཐང་གལ་ཆེན་ཡོད་པའི་སྡེ་བ་དྲུག་བརྒྱ་ཞེ་དྲུག་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་བཞག མིག་སྔར། སྐོར་བཞི་བའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་བའི་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་གཅིག་ཡོད་པ་དང་ཞིང་ཆེན་སོ་སོ་དང་གྲོང་ཁྱེར་སོ་སོས་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་སྲུང་སྐྱོབ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་བྱས་ཏེ་ཐག་བཅད་པ་ཡིན།

           ཐེངས་འདིའི་སྐོར་བཞི་བའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་སོ་བརྒྱད་ཡོད་ལ་དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་སྡེ་བ་བདུན་དང་མཚོ་ཤར་གྲོང་ཁྱེར་གྱི་སྡེ་བ་ཉི་ཤུ། རྨ་ལྷོ་ཁུལ་གྱི་སྡེ་བ་གསུམ། མཚོ་ལྷོ་ཁུལ་གྱི་སྡེ་བ་གཉིས། ཡུས་ཧྲུའུ་ཁུལ་གྱི་སྡེ་བ་དྲུག་བཅས་འདུ།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།