ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་ལས་ཁུངས་གཙོ་བོར་སོང་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ནན་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། སྲོག་ཤིང་ལ་དམིགས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ནན་ནན་ཏིག་ཏིག་བཞིའི་རེ་བ་ཆེན་པོ་ལག་བསྟར་ནན་མོ་བྱེད་པ། དྲང་ཕྱོགས་ཀྱི་ནུས་ཚད་དར་སྤེལ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ཉིན་དེའི་སྔ་དྲོར། ཝང་གོ་ཧྲིན་སྔ་གཞུག་ཏུ་ཞིང་ཆེན་མཉམ་འབྲེལ་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཚོ་སྔོན་དུ་སྡོད་པའི་གསར་འགོད་པའི་ས་ཚིགས། མི་དམངས་ཉིན་རེའི་ཚགས་པར་མཚོ་སྔོན་ཡན་ལག་ཚགས་པར་ཁང་བཅས་སུ་སོང་ནས། རྩོམ་སྒྲིག་པ་དང་གསར་འགོད་པ་ཚོར་ལག་འཇུ་བྱས་ཏེ་གླེང་མོལ་བྱེད་པ་དང་། གསར་འགྱུར་དྲིལ་སྒྲོག་དང་སྒྲིག་ཆས་ལག་རྩལ། དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་གསལ་བོར་དྲིས་ལ། སྨྱན་བྱད་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ཐད་ནས་རྒྱུས་ལོན་གཏིང་ཟབ་བྱས།
ཕྱི་དྲོ་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་ཀྱི་འགན་འཁྲི་མི་སྣས་གཏམ་བཤད་པར་ཉན་རྗེས། ཝང་གོ་ཧྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོ་བསྒྲུབ་པའི་སྐོར་གྱི་གསར་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མང་ཚོགས་ལ་བརྒྱུད་སྒྲོག་བྱེད་པ། ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཞིག་བྱེད་་པ། གཞི་རིམ་དུ་བསྐྱོད་པ་དང་སྤྱོད་ཚུལ་བསྒྱུར་བ། རྩོམ་སྟངས་བསྒྱུར་བ་སོགས་ཐད་ནས་དྲི་བ་བཏོན་པ་མ་ཟད། བཞུགས་མོལ་ཚོགས་འདུར་ཞུགས་པའི་བློ་མཐུན་ཚོར་གཏམ་བཤད་སྤེལ་དུ་བཅུག
ཚང་མས་གཏམ་བཤད་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་གསར་འགྱུར་གླེང་ཕྱོགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་ལས་ཁུངས་སོ་སོས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། དྲང་ཕྱོགས་ནས་དྲིལ་སྒྲོག་བཟང་བོ་བྱེད་པ། གླེང་ཕྱོགས་སྣེ་ཁྲིད་ཐད་ནས་ཁྱད་ཆོས་ལྡན་ལ། ཕྱི་ཕྱོགས་སུ་དྲིལ་སྒྲོག་བཟང་བོ་བྱས་ཏེ། གསར་འགྱུར་གླེང་ཕྱོགས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བྱས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་ཏང་གིས་གསར་འགྱུར་གླེང་ཕྱོགས་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གསར་འགྱུར་དྲིལ་སྒྲོག་དང་གླེང་ཕྱོགས་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ། གནད་དོན་ལ་ཞིབ་འཇུག་ནན་མོ་བྱེད་པ་དང་གནད་དོན་ཐག་གཅོད་པ། རྒྱུན་མ་ཆད་པར་བྱ་བའི་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས་ཟེར།
ཀྲང་ཞི་མེན་དང་ཝང་ཡུས་པོ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།