ཞོན་ཧྭ་ནས་དགུ་རོང་ཁོག་བར་གྱི་མྱུར་བགྲོད་གཞུམ་ལམ་སྟེ་མགུར་ཆུང་འགག་གི་སྦུག་ལམ་འགྲུབ་ནས་རླངས་འཁོར་ཤར་གཏོང་བྱས།
2016.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཞོན་ཧྭ་ནས་དགུ་རོང་ཁོག་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུ་ཆ་གཙོ་བོ་སྟེ། མགུར་ཆུང་འགག་གི་སྦུག་ལམ་ཡོངས་འགྲུབ་བྱས་ནས་རླངས་འཁོར་གེགས་མེད་ངང་ཤར་གཏོང་བྱས་ཤིང་། དེ་ནི་ཞོན་ཧྭ་ནས་དགུ་རོང་ཁོག་བར་བཏོད་པའི་སྦུག་ལམ་ལྔ་བ་རེད།

ཞོན་ཧྭ་སོགས་ས་གནས་བརྒྱུད་སྐབས་མགུར་ཆུང་འགག་བསྐོར་མྱོང་བའི་འགྲུལ་བ་ཞིག་ཡིན་ན། མགུར་ཆུང་འགག་གི་ཉེ་འཁོར་ན་བརྟོལ་ལམ་མེད་ཅིང་། རྨ་ཆུ་བསྒྲོལ་བའི་གྲུ་བོ་མེད་པར། ཅིས་ཀྱང་འགག་འཕྲང་གཟར་མོ་འདི་བརྒྱུད་ནས་འགྲོ་དགོས་པ་ཚང་མས་ཤེས། ཞོན་ཧྭ་ནས་དགུ་རོང་ཁོག་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁག་གཙོ་བོ་སྟེ། མགུར་ཆུང་འགག་གི་སྦུག་ལམ་ནི་རྒྱལ་ལམ310ལམ་རྒྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ནང་ཁུལ་ལ་མཚོན་ནས་བཤད་ན། ལོ་རྒྱུས་སྟེང་ལས་སྐྲུན་དཀའ་ཁག་གི་ཚད་ཆེ་ཞིང་ལས་སྐྲུན་ཆ་རྐྱེན་ཅུང་རྙོག་འཛིང་ཆེ་བའི་བཟོ་སྐྲུན་ཞིག་ཡིན་ལ། གྲུ་ཐོག་ནས་སྐྱེལ་འདྲེན་གྱི་བྱེད་ཐབས་སྤྱད་དེ་བསྒྲུབས་པའི་བཟོ་སྐྲུན་ཐོག་མའང་ཡིན། ཞོན་ཧྭ་ནས་དགུ་རོང་ཁོག་བར་གྱི་ལམ་ཐག་ལ་ཁྱོན་བསྡོམས་སྤྱི་ལེ་བཞི་བཅུ་ལྷག་ཡོད་ཅིང་། ལམ་ཐག་ཡོངས་སུ་ཟམ་ཆེན་དང་ཟམ་འབྲིང་ཉེར་ལྔ་ཡོད་ལ། དོང་ལམ་བརྒྱ་དང་གསུམ། སྦུག་ལམ་དགུ་བཅས་ཡོད། མགུར་ཆུང་འགག་སྦུག་ལམ་ནས་དགུ་རོང་འགག་གི་བར་དུ། ལམ་ཐག་སྤྱི་ལེ་བཅུ་གཅིག་ཡོད་པ་དང་། བགྲོད་ལམ་མང་ཆེ་བ་སྦུག་ལམ་དང་ཟམ་ཆེན་ཡིན་ཞིང་། སྦུག་ལམ་གྱིས་ལམ་ཐག་ཧྲིལ་བོའི་བརྒྱ་ཆའི་དགུ་བཅུ་ཡན་ཟིན།