ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཧྲིན་ཀྲང་ཧའོ་ཕིན་ཆེད་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ལ་སོང་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་བྱ་བ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས།
ཉིན་དེའི་ཕྱི་དྲོར། ཧའོ་ཕིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡོད་སར་དངོས་སུ་བཅར་ནས། དོ་དམ་ཅུའུ་ཡི་འགྲེམ་བསྒྲགས་ཁང་དང་ཚད་ལྡན་མ་ལག གཞི་འཛིན་གྲངས་ཀ་ཆེན་མོའི་སྟེགས་བུ་སོགས་ཇུས་འགོད་འཛུགས་སྐྲུན་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། དོ་དམ་ཅུའུ་བཙུགས་པའི་ཚུན་གྱི་འཁོར་བསྐྱོད་དང་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉམས་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་སོགས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་གཙོ་བོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གནས་ཚུལ་སྐོར་ནས་ཕུལ་བའི་སྙན་ཞུར་ཉན།
ཧའོ་ཕིན་གྱིས་གཏན་བཤད་ཁྲོད་བསྟན་དོན། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་བྱ་བ་ནི། མཚོ་སྔོན་གྱི་འགན་སྒྲུབ་བྱས་པའི་རྒྱལ་ཡིག་རྟགས་ཅན་གྱི་བཅོས་སྒྱུར་བྱ་བའི་ལས་རིམ་གཅིག་ཡིན་པ་དང་། དོད་རྟགས་རང་བཞིན་གྱི་དོན་སྙིང་ལྡན་པའི་བཅོས་སྒྱུར་བྱ་བ་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱ་བའི་ཁྲོད་དགོས་ངེས་ཀྱི་དོན་སྙིང་གལ་ཆེན་ལྡན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པའི་ཚུན་དུ། ང་ཚོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གསར་འཛུགས་བྱ་བ་དེ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱ་བའི་ཐོད་བརྒལ་གལ་ཆེན་དང་བཅོས་སྒྱུར་ཁྱད་ཆོས་ཀྱི་ཁྱབ་ཁོངས་གཙོ་གྲས་སུ་བགྲངས་ཏེ། ཧུར་བརྩོན་ཆེན་པོས་འཚོལ་དཔྱོད་དང་གསར་གཏོད་བྱས་ཤིང་། ཁྱད་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་བཅོས་སྒྱུར་བྱ་བ་ཉིད་རྒྱལ་ཡིག་རྟགས་ཅན་གྱི་བཟོ་སྐྲུན་གལ་ཆེན་ཏུ་བརྩིས་ཏེ། ཤུགས་ཆེན་པོས་ཡར་ལྡན་དུ་སྤེལ་མཐར། བཅོས་སྒྱུར་ཚོད་ལྟའི་བྱེད་གནས་སུ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་ཀྱིན་ཡོད་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བཏོན་པའི་འགྲེལ་བརྗོད་གལ་ཆེན་དང་། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཉིས། བློ་བརྟན་འགྱུར་མེད་ངང་སྲོག་ཤིང་དང་གཅིག་བསྡུས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནན་ནན་ཏིག་ཏིག་ངང་བསྒྲུབ་པར། ཆབ་སྲིད་རང་རྟོགས་དང་བསམ་སྦྱོར་རང་རྟོགས་ཀྱི་སྦྱོར་བ་བཟུང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་བྱ་བ་ཉིད། དོད་རྟགས་གལ་ཆེན་དང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་བྱ་བའི་ལས་རིམ་ཁག་ལ་སྣེ་འཁྲིད་གལ་ཆེན་ཏུ་བརྩིས་ཏེ། ཕྱི་བཤོལ་མེད་པའི་ངང་བསྒྲུབ་དགོས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱེད་པ་དང་། རི་བོ་སྔོ་ཞིང་ཆུ་མོ་དྭངས་གཙང་ཡོང་བར་འགན་སྲུང་བྱེད་དགོས་ཟེར།
མ་ཧྲོན་ཆིན་དང་ཀའོ་ཧྭ། ཡང་ཧྥིན་ཁྲོན་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས།