ད་ལོར་མཚོ་སྔོན་པོའི་དགོ་དམར་གྱི་ཁ་གྲངས་མངོན་གསལ་ཇེ་མང་དུ་འཕར།
2016.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

          ཉེ་ལམ། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་དོ་དམ་ཅུའུ་ཡིས་རྩ་འཛུགས་བྱས་ཏེ། ཉིས་སྟོང་བཅུ་དྲུག་ལོའི་མཚོ་བསྐོར་སྐྱེ་དངོས་སྣ་མང་ཅན་ལ་ཕྱོགས་བསྡུས་ཚད་ལེན་བྱ་འགུལ་སྤེལ་ཞིང་། ཁྱོན་བསྡོམས་མཚོ་སྔོན་པོའི་ཉེ་འཁོར་དུ་དགོ་དམར་སྟོང་གཅིག་དང་བཞི་བརྒྱ་རེ་བཞི་ཡོད་པ་ཟིན་ཐོར་བཀོད། དེ་ནི་ན་ནིང་ལོ་དང་བསྡུར་ན། དགོ་དམར་ལྔ་བརྒྱ་དང་ང་གཅིག་གིས་ཇེ་མང་དུ་འཕར་ཡོད་ཅིང་། དེ་ནི་རྟོག་ཞིབ་ཟིན་ཐོར་བཀོད་པ་ནས་བཟུང་དགོ་དམར་གྱི་གྲངས་འབོར་ཆེས་མང་པའི་ལོ་ཞིག་རེད།

      དགོ་དམར་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་རི་དྭགས་ཡིན་པ་དང་། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་གྱིས་འཛམ་གླིང་གི་ཆེས་དཀོན་ཞིང་རིགས་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཁྲོད་བདམས་པར་མ་ཟད། «འཛམ་གླིང་ཡོངས་ཀྱི་གཙོད་སྲུང་སྐྱོབ་ལག་བསྟར་འཆར་འགོད»ཁྲོད་གལ་འགངས་ཆེ་ཤོས་སུ་བགྲངས་ཡོད། མིག་སྔར། མཚོ་སྔོན་པོའི་ཉེ་འཁོར་ནི་དགོ་དམར་བག་ཕེབས་ངང་འཚོ་སའི་བསྟི་གནས་གཅིག་པུ་དེ་ཡིན། ཉིས་སྟོང་གསུམ་ལོར་དགོ་དམར་གྱི་གྲངས་ཉིས་བརྒྱ་མི་ལོངས་ནའང་། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་དང་མཚོ་སྔོན་གྱིས་མཚོ་སྔོན་པོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་བརྒྱུད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་རྣམ་པ་སླར་སོས་ལེགས་པོ་བྱུང་དང་འབྱུང་བཞིན་ཡོད།