ད་ལོར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་རྒྱུན་མ་ཆད་པར་དངོས་འབེབས་བྱས་ཤིང་། མིག་སྔར། དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གཉིས་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་སུ་བཞག་ཡོད་ལ། སྲིད་ཇུས་ཁྱབ་ཁོངས་ནང་གི་ཞག་སྡོད་སྨན་རིན་ལ་རོགས་སྐྱོབ་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ།
ད་ལོར་ཞིང་ཆེན་ཡོངས་ནས་སྡོམ་པས་མཁར་གྲོང་དང་ཞིང་སྡེའི་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་ས་ཡ་དྲུག་འབུམ་གཉིས་ཁྲི་དྲུག་བསྡུ་རུབ་བྱས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དཀའ་ཁག་ཆེ་བའི་མང་ཚོགས་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པར་རོགས་སྐྱོབ་བྱས་ནས། རོགས་སྐྱོབ་བྱ་ཡུལ་ཡོད་ཚད་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་འཇོག་པར་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་། དུས་ཐོག་ཏུ་སྒོ་བསྟེན་དང་ཞག་སྡོད། ཧ་ཅང་ཚབས་ཆེན་ཡིན་པའི་ནད་པར་རོགས་སྐྱོབ་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ནས་ཞད་སྡོད་རོགས་སྐྱོབ་མི་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་བརྒྱ་དང་ཉེར་དགུ་ཡོད་པ་དེར་རོགས་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་འབུམ་དགུ་ཁྲི་དྲུག་བཏང་བ་དང་། ཆ་སྙོམས་མི་རེར་ཞག་སྡོད་རོགས་སྐྱོབ་བྱས་ཚད་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་གྱ་དྲུག་ལ་སླེབས། ཧ་ཅང་ཚབས་ཆེན་ཡིན་པའི་ནད་པ་སུམ་བརྒྱ་དང་སོ་ལྔར་རོགས་དངུལ་སྒོར་ས་ཡ་བདུན་དང་འབུམ་བརྒྱད་ཁྲི་བདུན་བཏང་བ་དང་། ཆ་སྙོམས་མི་རེར་སྒོར་ཁྲི་གཉིས་དང་སྟོང་གསུམ་ལྔ་བརྒྱ་ཡིས་རོགས་སྐྱོབ་བྱས་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ལ་ནུས་ཡོད་འགན་སྲུང་ཐོབ་པར་བྱས། རོགས་སྐྱོབ་བྱ་ཡུལ་གཙོ་བོར་ཞག་སྡོད་རོགས་སྐྱོབ་བྱེད་པར་ཐོག་མའི་ཚད་ཐིག་མེད་པ་དང་། སྲིད་ཇུས་ཁྱབ་ཁོངས་ནང་གི་ཞག་སྡོད་སྨན་རིན་རོགས་སྐྱོབ་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། དེའི་ནང་། དམིགས་བསལ་གྱི་དཀག་ཁག་ཅན་ལ་རོགས་སྐྱོབ་བྱེད་ཚད་བརྒྱ་ཆའི་བརྒྱ་དང་། གཞན་དག་ལ་རོགས་སྐྱོབ་བྱེད་ཚད་བརྒྱ་ཆའི་བརྒྱད་ཅུ་རེད། དཀག་ཁག་ཆེ་བའི་མང་ཚོགས་ཀྱིས་ཞག་སྡོད་སྨན་བཅོས་བྱས་རྗེས་སྲིད་ཇུས་ནང་གི་སྨན་རིན་གཞི་རྩའི་སྨན་བཅོས་དང་ནད་ཚབས་ཆེན་འགན་སྲུང་། སྨན་བཅོས་རོགས་སྐྱོབ་བཅས་བརྒྱུད་རྗེས་སྲིད་གཞུང་གིས་སྡོམ་པས་ཁ་གསབ་བྱེད་ཚད་བརྒྱ་ཆའི་གོ་བཞི་ནས་བརྒྱ་ཆའི་བརྒྱ་ཡིན་པས། མང་ཚོགས་ཀྱིས་གཞི་རྩའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་པར་ནུས་ཡོད་འགན་སྲུང་བྱས། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ནས་དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གཉིས་ཚང་མ་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་སུ་བཞག་ཡོད།
སྨན་བཅོས་རོགས་སྐྱོབ་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོར་འདེགས་བྱུང་ཡོད་དེ། མིག་སྔར། ཞིང་ཆེན་ཡོངས་སུ་སྡོམ་པས་ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་རིམ་པ་བཞིའི་སྨན་བཅོས་ལས་ཁུངས་ཉིས་བརྒྱ་ང་བདུན་ནས་སྨན་བཅོས་རོགས་སྐྱོབ“ས་ཚིགས་གཅིག”གི་ཆ་འཕྲིན་ཅན་གྱིས་མྱུར་དུ་སྡོམ་རྩིས་བྱེད་པའི་ཞབས་ཞུ་ཡོད་པ་དང་། རོགས་སྐྱོབ་བྱ་ཡུལ་གྱིས་གཏན་ཁེལ་སྨན་བཅོས་ལས་ཁུངས་སུ་ཞག་སྡོད་བྱེད་སྐབས་དབུལ་ཕོངས་མི་སྣའི་གནས་ཚུལ་དང་སྨན་བཅོས་རོགས་སྐྱོབ་གཞི་གྲངས་གཉིས་གཅིག་མཚུངས་ཡིན་ན། ཐད་ཀར་གཏན་ཁེལ་སྨན་བཅོས་ལས་ཁུངས་ནས་རོགས་སྐྱོབ་ཐོབ་ཐུབ་པས། རོགས་སྐྱོབ་ཀྱི་ཕན་ནུས་རང་བཞིན་དང་སྨན་བཅོས་རོགས་སྐྱོབ་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས། དེ་དང་མཉམ་དུ། ཕྱོགས་ཡོངས་ནས་རོགས་སྐྱོབ་བྱ་ཡུལ་གཙོ་བོ་གཞི་རྩའི་སྨན་བཅོས་འགན་སྲུང་བྱ་བའི་ཁྲོད་ཞུགས་པར་རོགས་སྐྱོབ་བྱས་ནས་དཀག་ཁག་ཆེ་བའི་མང་ཚོགས་ཀྱིས་དུས་ཐོག་ཏུ་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་དང་། ཚད་མཐོན་པོས་མཁར་གྲོང་དང་ཞང་སྡེའི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ནད་ལ་ལྟ་བའི་འགན་ཁུར་ཇེ་ཡང་དུ་བཏང་།