ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2016.12.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

       ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་འཛུགས་སྐྲུན་དང་རིན་གོང་རྐྱེན་སྲོལ་བཅོས་བསྒྱུར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ས་ཞིང་བཙོག་བཟོར་འགོག་བཅོས་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

       ཚོགས་ཐོག་ནས་བསྟན་དོན། ཁ་དན་ཚིག་གནས་བྱེད་པར་སྐུལ་སློང་དང་ཚིག་ཐོག་ཏུ་མ་གནས་པར་ཆད་པ་གཅོད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དེ། ཡིད་རྟོན་མཚོ་སྔོན་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཚོགས་བཅོས་སྐྱོང་ཐད་ཤུགས་སྣོན་པ་དང་། སྤྱི་ཚོགས་ཡིད་རྟོན་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། ཡིད་རྟོན་ཆ་འཕྲིན་ཕྱིར་སྒྲོག་དང་མཉམ་སྤྱོད་ཐད་ཤུགས་སྣོན་པ། ཁྲིམས་སྲོལ་ལྟར་ཡིད་རྟོན་ཐད་ཀྱི་སྐུལ་སློང་ཚོད་འཛིན་བྱེད་ཐབས་བཀོལ་སྤྱོད་བྱེད་པ། སྲིད་གཞུང་དང་སྤྱི་ཚོགས་མཉམ་ཞུགས་བྱེད་པའི་ས་ཁོངས་བརྒལ་བ་དང་སྡེ་ཁག་མང་བ། ཁྱབ་ཁོངས་བརྒལ་བའི་ཡིད་རྟོན་ཐད་ཀྱི་སྐུལ་སློང་དང་ཆད་གཅོད་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པ། ཚོང་ར་གཙོ་བོས་ཁྲིམས་ལྟར་ཚོང་གཉེར་བྱེད་པར་སྐུལ་སློང་བྱེད་པ་དང་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། དྲང་བདེན་ཡིད་རྟོན་གྱི་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས་ཟེར།

      ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པ་དང་འཐུས་སྒོ་ཚང་བའི་རིན་གོང་རྐྱེན་སྲོལ་འཛུགས་སྐྲུན་བྱས་ན། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་པར་ཕན་པ་ཡོད། རིན་གོང་རྐྱེན་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ནང་དོན་གཙོ་བོར་བརྩིས་ནས། ཁྱབ་ཁོངས་གཙོ་བོའི་རིན་གོང་གཏན་ཁེལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བཅོས་བསྒྱུར་ཐད་ཀྱི་ཕན་འབྲས་རྒྱ་བསྐྱེད་པ། བཅོས་བསྒྱུར་གྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་བཏང་སྟེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་རིན་གོང་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཟེར།

       ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་རྒྱུ་ནི། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་གནས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ་དང་། ཕྱོགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གསལ་བོ་བྱེད་པ། དབང་ཆ་དང་འགན་འཁྲི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབང་ཆ་དང་འགན་འཁྲི་གཅིག་གྱུར་བྱེད་པ། སྦྲེལ་མཐུད་བཟང་བོ་བྱས་ཏེ། འཕེལ་རྒྱས་སུ་གཏོང་ན་ངེས་པར་དུ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཐོན་སྐྱེད་བྱེད་ན་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་དགོས་པའི་རེ་བ་ལག་བསྟར་ནན་མོ་བྱེད་དགོས་ཟེར།

       ཚོགས་ཐོག་ནས་བསྟན་དོན། ས་ཞིང་བཙོག་བཟོ་འགོག་བཅོས་ལ་ཤུགས་སྣོན་རྒྱུ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། བཙོག་བཟོ་འགོག་བཅོས་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བདེ་འཇགས་ཀྱི་ས་ཞིང་ཁོར་ཡུག་གི་འགན་སྲུང་འདོན་སྤྲོད་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ས་ཞིང་ཁོར་ཡུག་གི་རྒྱུ་སྤུས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་གཙོ་བོར་འཛིན་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱུ་སྤུས་དང་མི་སྡོད་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་རྐང་འཛུགས་སར་བྱེད་པ། སྔོན་འགོག་གཙོར་བྱེད་པ་དང་སྲུང་སྐྱོབ་གོ་གནས་གལ་ཆེན་དུ་འཇོག་པ། ཉེན་ཁང་ཚོད་འཛིན་བྱེད་པ། ས་ཞིང་བཙོག་བཟོ་བྱེད་པའི་རྒྱུ་རྐྱེན་གཙོ་བོར་ཚོད་འཛིན་བྱེད་པ། ཁུལ་ཁོངས་གཙོ་བོ་དང་ལས་རིགས། བཙོག་བཟོ་དངོས་པོ་འབུར་ཐོན་བྱེད་པ། རིགས་བགར་བ་དང་ཁུལ་དབྱེ་བ། བྱེད་ཐབས་མི་འདྲ་བ་སྤྱད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་འཛིན་དང་བཅོས་སྐྱོང་བྱེད་པ།སྲིད་གཞུང་གི་སྣེ་ཁྲིད་བྱེད་པ་དང་ཁེ་ལས་ཀྱི་འགན་ཁུར་བ། མི་ཡོངས་དེའི་ཁྲོད་ཞུགས་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་ས་ཞིང་བཙོག་བཟོར་འགོག་བཅོས་བྱེད་པའི་མ་ལག་གྲུབ་པར་བྱས་ཏེ། ས་ཞིང་ཐོན་ཁུངས་ཡུན་རིང་བོར་བཀོལ་སྤྱོད་བྱེད་ཐུབ་པར་སྐུལ་འདེད་བྱེད་དགོས་ཟེར།

     ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་རིན་གོང་རྐྱེན་སྲོལ་བཅོས་བསྒྱུར་སྤེལ་བའི་ལག་བསྟར་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་ཞིབ་བྱེད་པའི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་ཁེལ་བཅས་ལ་ཞིབ་འཇུག་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།