ཧྲིན་ཀྲང་ཧའོ་ཕིན་གྱིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།
2016.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་འབད་དེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཐུགས་ཁུར་ཟབ་བཞེས་དབུལ་སྐྱོར་མཁྲེགས་གཏོར་གྱི་སྦྱོར་བ་དངོས་ལ་བསྒྱུར་ནས། ནན་ནན་ཏིག་ཏིག་དང་བརྟན་འཇགས་བདེ་ཐང་གི་སྒོ་ནས་གནད་ཕིགས་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་ནས། ཧུའུ་ཀྲུའུ་རྫོང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་སླེབས་པར་འབད་དགོས་ཟེར།

དེའི་རྗེས། ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་དབུལ་སྐྱོར་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྫོང་དང་ཞང་སྲིད་གཞུང་། རྒྱ་ཆེ་བའི་མང་ཚོགས་བཅས་ཀྱིས་གནད་ཕིགས་དབུལ་སྐྱོར་བྱ་བར་བཏོན་པའི་བསམ་འཆར་ལ་ཉན། ཧའོ་ཕིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་སྔར་མེད་མཐོ་གནས་གསར་བ་ཞིག་ཏུ་བསྐྱལ་ཡོད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འོས་འགན་ཤུགས་ཆེན་པོས་ལག་བསྟར་བྱས། ད་ལོའི་ཟླ་བརྒྱད་པའི་ཟླ་སྨད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས། ཆར་ཆུའི་ཁྲོད་ནས་པན་ཡན་སྡེ་བའི་དབུལ་སྐྱོར་གནས་སྤོར་བྱ་བ་ལ་གཟིགས་ཞིབ་གནང་བར་མ་ཟད། གནད་ཕིགས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐད་ནས་བླང་བྱ་གསར་བ་བཏོན་ཞིང་། དེ་ནི་ཐུགས་ཁུར་ཟབ་བཞེས་དང་སྐུལ་ལྕག་ཟབ་མོ་ཡིན་པས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཐུགས་ཁུར་ཟབ་བཞེས་འདི་ཉིད་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་སྦྱོར་བ་དངོས་སུ་བསྒྱུར་དགོས་ལ། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཆབ་སྲིད་འགན་འཁྲི་དམ་པོ་ཁ་མིན་དོན་གྱིས་ཕྲག་སྟེང་དུ་བླངས་ནས། ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅངས་ཏེ། ནན་ནན་ཏིག་ཏིག་དང་བརྟན་འཇགས་བདེ་ཐང་གི་སྒོ་ནས་གནད་ཕིགས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། དབུལ་ཕོངས་མང་ཚོགས་ནི་དབུལ་སྐྱོར་མཁྲེགས་གཏོར་བྱེད་ཡུལ་རྣལ་མ་ཡིན་ལ། དབུལ་ཐར་ཕྱུག་འགྱུར་གྱི་བྱེད་པོ་ཡང་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་བརྩོན་སེམས་བསྐྱེད་པ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་ཏེ། དབུལ་ཕོངས་མང་ཚོགས་དབུལ་ཐར་འཆར་འགོད་དང་ཇུས་གཞིའི་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་མ་གཏོང་དགོས། དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་དོ་དམ་གྱི་གོ་རིམ་ཧྲིལ་བོའི་ཁྲོད་ཞུགས་པར་སྐུལ་ནས། མང་ཚོགས་ཀྱི་སྟོབས་ཤུགས་ཡོད་རྒུ་འདོན་པར་འབད་དེ། མང་ཚོགས་ཀྱིས་རང་སྟོབས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱེད་ཐུབ་པར་སྣེ་ཁྲིད་བྱེད་དགོས་ཟེར།

ཡན་ཅིན་ཧེ་དང་ཡང་ཧྥིན་ཁྲོན་གཉིས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།