ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལ་མཚོ་སྔོན་གྱི་སློབ་གསོའི་སྡེ་ཁག་དང་མཐོ་རིམ་སློབ་ཆེན་གྱི་ལས་བྱེད་དགེ་རྒན་ཚོའི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།
2016.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་དུ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་གྲོས་ཚོགས་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་། མཚོ་སྔོན་གྱི་སློབ་གསོའི་སྡེ་ཁག་དང་མཐོ་རིམ་སློབ་ཆེན་གྱི་ལས་བྱེད་དགེ་རྒན་ཚོས་ཆེས་ཐོག་མའི་དུས་ཚོད་ནང་དུ། གསར་འགྱུར་བརྙན་བྱེད་སྣ་ཚོགས་བརྒྱུད་དེ་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་བླངས་པར་མ་ཟད། སློབ་སྦྱོང་བྱས་པའི་མྱོང་ཚོར་སྐོར་ནས་གྲོས་བསྡུར་འཁྲུག་ཆ་དོད་པོ་བྱས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་ཀྱིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ས་ནས། རང་རྒྱལ་མཐོ་རིམ་སློབ་གསོའི་ལས་དོན་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་མང་པོར་ལན་ཁ་གསལ་བོ་བྱིན་པར་མ་ཟད། མ་ལག་རང་བཞིན་གྱི་སྒོ་ནས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ་ཇེ་དྲག་ཏུ་གཏོང་བ་དང་ལེགས་བཅོས་བྱེད་དགོས་པའི་དོན་སྙིང་གལ་ཆེན་དང་། དམིགས་འབེན་གཏན་འབེབས། འགན་འཁྲི་གཙོ་བོ། གཞི་རྩའི་བླང་བྱ་བཅས་ལ་སྒྲོག་འགྲེལ་ཞིབ་གསལ་བྱས་མཐར། དུས་སྐབས་གསར་བའི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཟེར། ཚང་མས་བློ་བརྟན་འགྱུར་མེད་ངང་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་ཆབ་སྲིད་བྱ་བ་སློབ་གསོ་དང་སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ཏེ། བླ་མེད་སྤྱོད་ལམ་བསྐྲུན་སའི་མཐོ་རིམ་སློབ་གྲྭ་གསར་འཛུགས་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཟེར།

གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ལོན་ཐབས་སྐོར་གླེང་སྐབས། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་ཡན་ཧེ་མའོ་ཡིས་བཤད་རྒྱུར། ང་རང་ཐེངས་འདིའི་ཚོགས་འདུར་ཞུགས་ཏེ་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལ་ཉན་པའི་སྐལ་བ་ལྡན་སོང་། ཐེངས་འདིའི་གསུངས་བཤད་གལ་ཆེན་གྱིས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་གལ་ཆེན་དང་ལྟ་བ། བྱེད་ཐབས་བཅས་ཡོངས་སུ་ཁེབས་ཡོད་ཅིང་། དེ་ནི་ང་ཚོ་ཏང་གི་གཞུང་ལུགས་གསར་གཏོད་བྱེད་པའི་གྲུབ་འབྲས་འོད་སྟོང་ལྡན་པ་ཞིག་ཡིན་ལ། རང་རྒྱལ་གྱི་མཐོ་རིམ་སློབ་ཆེན་ཁག་གི་སློབ་གསོའི་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཀྱང་ཡིན་པས། མཐོ་རིམ་སློབ་ཆེན་ཁག་གི་བསམ་བློ་ཆབ་སྲིད་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་བར་ཐེ་ཚོམ་མེད་ཟེར། ཁོས་མུ་མཐུད་ནས་བསྟན་དོན། བསམ་བློ་ཡོད་རྒུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། བྱེ་བྲག་གི་བྱ་བའི་ཁྲོད་ནས་ཀྱང་སློབ་སྦྱོང་བྱས་མཐར། དངོས་འབེབས་མཐར་ཕྱིན་ནན་མོ་བྱེད་དགོས་ཟེར།

གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཐོ་རིམ་སློབ་ཆེན་ཁག་ནས་ཇི་ལྟར་བྱས་ཏེ་དངོས་འབེབས་བྱེད་སྟངས་སྐོར་ནས། མཐོ་རིམ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་རྣམས་ཀྱིས་འཆར་འགོད་བཟང་བོ་འཐེན་པའི་ཐད་བསམ་བློ་གཏིང་ཟབ་བཏང་། མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧུང་ཞན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས། མཐོ་རིམ་སློབ་ཆེན་ཏང་ཨུས་ཆབ་སྲིད་མཐོ་ཁྲིད་དང་བསམ་བློའི་མགོ་ཁྲིད་གཉིས་དམ་པོར་འཛིན་དགོས་པ་གསལ་སྟོན་གནང་ཡོད་ཅིང་། མཐོ་རིམ་སློབ་ཆེན་ཁག་གིས་ཞབས་ཞུ་བཞི་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ལ་ཁ་ཕྱོགས་ཡང་དག་ཅིག་བསྟན་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་དང་། བར་མ་ཆད་པའི་ངང་བསམ་བློ་ཆབ་སྲིད་ལ་བཅོས་སྒྱུར་གསར་གཏོད་བྱས་ཏེ། ཞབས་ཞུའི་བྱེད་ནུས་སྟོབས་ལྡན་དུ་བསྒྱུར་ནས། ཀྲུང་གོའི་ཁྱད་ཆོད་ཀྱི་སྤྱི་ཚོགས་རིང་ལུགས་སློབ་ཆེན་བཟང་བོ་གཉེར་བར་འབད་དགོས་ཟེར།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞུང་ཝེ་ཡིས་བསྟན་དོན། སློབ་གྲྭའི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་དངོས་འབེབས་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཀུན་སྤྱོད་དང་སློབ་གསོའི་བཟོ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཧུར་བརྩོན་ཆེན་པོས་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་ཞིང་ཆེད་ལས་ཤེས་བྱ་འཛོམས་པོ་ཡིན་པ། ཀུན་སྤྱོད་ལེགས་ཤིང་བསམ་རྒྱ་མཐོ་བ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གཉེར་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ཟེར།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཡན་ཝུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས། མཐོ་རིམ་སློབ་ཆེན་གྱི་ཏང་འཛུགས་དང་བསམ་བློ་ཆབ་སྲིད་བྱ་བར་གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས་ཡོད། མཐོ་རིམ་སློབ་གྲྭའི་ཏང་ཨུས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་ནུས་ལག་བསྟར་བྱེད་པ་དང་། སློབ་སྒྲུབ་སློབ་གྲྭ་སྐྱོང་བའི་རང་བདག་འགན་འཁྲི་བསྒྲུབ་པ། གཞི་རིམ་ཏང་རྩ་འཛུགས་གཉེར་བའི་བྱ་བ་དམ་འཛིན་བྱེད་པ་བཅས་ལ་འབད་མཐར། ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བའི་དགེ་མཚན་མ་ལུས་མཐོ་རིམ་སློབ་ཆེན་འཕེལ་རྒྱས་འགྲོ་བའི་མཐུན་རྐྱེན་དུ་འགྱུར་བར་འབད་དགོས་ཟེར།