མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་གྲངས་འབོར་ནུབ་བྱང་ས་ཁུལ་གྱི་སྔོན་གྲས་སུ་སླེབས།
2016.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་འཐུས་མི་དང་། གྲོང་ཁྱེར་དང་ཁུལ་རིག་གནས་ཁང་སོ་སོའི་འགན་ཁུར་མི་སྣས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱའི་ཉམས་མྱོང་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་སུ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་ལས་གཞི་ལྔ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་དོན་གསུམ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བརྒྱ་དང་སོ་དྲུག ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་ལྔ་བརྒྱ་དོན་གཉིས། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་སོ་བདུན་བཅས་ཡོད་ཅིང་། རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ང་བདུན་དང་། ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཉིས་བརྒྱ་བཞི་བཅུ། ཁུལ་དང་རྫོང་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་སྟོང་གཅིག་དང་དྲུག་བརྒྱ་གྱ་བརྒྱད་ཡོད། དེ་བས། མཚོ་སྔོན་གྱི་མིའི་རིགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་ལས་གཞི་དང་། རྒྱལ་ཁབ་རིམ་པའི་མིང་བཀོད་ལས་གཞིའི་གྲངས་འབོར་ནུབ་བྱང་ས་ཁུལ་གྱི་མདུན་གྲས་སུ་སླེབས།