མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་དང་ནང་ཆེན་རྫོང་གཉིས་ཀྱིས་མཉམ་འབྲེལ་སྒོས་འོན་པའི་གནད་ཕིགས་དབུལ་སྐྱོར་ལས་གཞི་སྤེལ་མགོ་བརྩམས།
2016.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

 མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་རྣའི་མི་གོ་བའི་མི་སྣར་གནད་ཕིགས་དབུལ་སྐྱོར་བྱེད་པའི་ལས་གཞི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། ནང་ཆེན་རྫོང་ནས་ཡོང་བའི་རྣའི་མི་གོ་བའི་ནད་པ་བཅུ་གཅིག་ལ་མིའི་བཟོས་རྣ་འཁྱིལ་འཇོག་པའི་གཤེགས་བཅོས་བྱས་ནས་ལེགས་འགྲུབ་བྱུང་།

ད་ལོར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་དང་ནང་ཆེན་རྫོང་གཉིས་ཀྱིས་མཉམ་འབྲེལ་སྒོས་རྣའི་མི་གོ་བའི་དབང་བོ་སྐྱོན་ཅན་ལ་གནད་ཕིགས་དབུལ་སྐྱོར་བྱེད་པའི་ལས་གཞི་སྤེལ་མགོ་བརྩམས་པ་དང་། རྒྱ་གྲམ་དམར་པོའི་སྨན་ཁང་གི་རྣ་སྣ་མགྲིན་པའི་ཚན་ཁག་གི་ཀྲུའུ་རིན་ཧའོ་ལིས་ཅོན་གྱིས་སྨན་བཅོས་རུ་ཁག་ཁྲིད་དེ་ནང་ཆེན་རྫོང་དུ་སོང་ནས་རྣའི་མི་གོ་བའི་ནད་པར་བརྟག་དཔྱད་བྱས་ནས། མཇུག་མཐར་མིའི་བཟོས་རྣ་འཁྱིལ་གྱི་གཤེགས་བཅོས་བྱེད་པར་འཚམ་པའི་ནད་པ་བཅུ་བཞི་གཏན་ཁེལ་བྱས་པ་མ་ཟད། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། རྣའི་མི་གོ་བའི་ནད་པ་བཅུ་གཅིག་ལ་མིའི་བཟོས་རྣ་འཁྱིལ་འཇོག་པའི་གཤེགས་བཅོས་བྱས་ཏེ་ལེགས་འགྲུབ་བྱུང་། དུས་ཡུན་ལོ་གསུམ་ཡིན་པའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། ནང་ཆེན་རྫོང་གི་རྣ་བའི་མི་གོ་བའི་ནད་པ་སྔར་ལས་མང་པོར་སྒྲ་ལྡན་གྱི་འཇིག་རྟེན་ཞིག་བསྐྲུན་རྒྱུ་རེད།