མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
2016.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ཏན་ཏན་ཏིག་ཏིག་བཞིར་སྐུལ་འདེད་གཏོང་བ་བཅས་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཐེངས་ཤིག་ཡིན། གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ངོམས་པར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་2016ལོའི་བྱ་བ་སྤྱི་བསྡོམས་བྱས་ནས། 2017ལོའི་མཚོ་སྔོན་ཞིང་ཆེན་གྱི་བྱ་བའི་སྤྱིའི་རེ་བ་དང་འབད་འཐབ་དམིགས་འབེན། ལས་འགན་གཙོ་བོ། ལག་ལེན་བགྲོད་ལམ་བཅས་གཏན་འཁེལ་གསལ་བོ་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བའི་དམིགས་འབེན་དང་ཁ་ཕྱོགས། བྱ་བའི་ཇུས་གཞི་བཅས་གཏན་ལ་ཕབ་པས། དེར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་ལག་ལེན་མཐར་ཕྱིན་བཟང་བོ། དངོས་འབེབ་བཟང་བོ་བཅས་བྱེད་པ་ནི་དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་དང་སྲིད་གཞུང་ལས་ཁུངས་སོ་སོས་སྔོན་ལ་སློབ་སྦྱོང་བྱེད་པ་དང་སྣེ་ཁྲིད་སློབ་སྦྱོང་བྱེད་དགོས་པར་མ་ཟད། མྱུར་དུ་བྱེད་ཐབས་སྤྱད་དེ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བར་ཡར་སྐུལ་བཏང་སྟེ། སང་ལོའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་སྒྲུབ་པར་ཁག་ཐེག་བྱེད་དགོས།