མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་གིས་ཉིས་སྟོང་བཅུ་དྲུག་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།
2017.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དང་པོའི་ཚེས་གཉིས་ནས་ཚེས་གསུམ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་གིས། ཉིས་སྟོང་བཅུ་དྲུག་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྗོད་གཞིར་བཟུང་ནས་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལ་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་བླང་བྱ་དཀྱིལ་སྙིང་དུ་བཟུང་ནས། «གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་འཚོ་བའི་ཚད་གཞི་རབ་དང་རིམ་པ»དང«ཀྲུང་གོ་གུན་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་སྲོལ་ཡིག»ལྟར་དུ། མགོ་ཁྲིད་ཚན་ཁག་དང་མི་སྒེར་གྱི་དོན་དངོས་ལ་སྦྲེལ་ཏེ། གནད་དོན་འབུར་ཐོན་རྩད་གཅོད་འཚོལ་ཞིབ་དང་ཏང་གཤིས་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་བྱེད་པ། སྐྱོན་ཆ་ཐེར་འདོན་དང་རང་སྐྱོན་རང་འདོན་བྱ་བ་གཟབ་ནན་ཅན་དུ་སྤེལ་བ། བར་མ་ཆད་པའི་ངང་རང་སྟེང་གི་གནད་དོན་གསར་རྙེད་དང་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས་བྱ་ངན་སྤྱོད་ངན་གཙང་སེལ་ཡིན་པའི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གང་ཡོད་བཏོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཅོན་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་ཐོག་ཏུ་འབྱོར་ནས་ཚོགས་འདུར་མཛུབ་སྟོན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་ཐེངས་འདིའི་གྲོས་ཚོགས་སྟེང་ཟུར་ཞུགས་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འདི་བསྡུ་བར་མཐོང་ཆེན་བླ་མེད་གནང་ནས། བྱ་བའི་ཇུས་གཞི་གཏན་འབེབས་ཞིབ་གསལ་བྱས་ཏེ། ལས་རིམ་ཁག་སོ་སོའི་སྟ་གོན་བྱ་བ་གཟབ་ནན་བདེན་ཐུབ་ཀྱིས་བསྒྲུབས། རྒྱུན་ལས་བློ་མཐུན་སོ་སོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྗོད་གཞིར་བཟུང་ནས་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་བླང་བྱ་ལྟར། «ཏང་སྲོལ»དང«ཚད་གཞི»། «སྲོལ་ཡིག»སོགས་ཏང་ནང་ཁུལ་གྱི་སྒྲིག་ལམ་ལ་སློབ་སྦྱོར་མཐར་ཕྱིན་བྱས། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཅན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་བའི་གལ་ཆེན་རང་བཞིན་དང་དེའི་བླང་བྱ་ཚུལ་བཞིན་ལག་བསྟར་བྱེད་པ། དེའི་བྱེད་ཐབས་གལ་ཆེན་བཅས་ལ་བསམ་གཞིག་གནད་སྨིན་མཛད་དེ། སྔར་ལས་ལྷག་པའི་སྒོ་ནས་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་སྦྱོར་རང་རྟོགས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་གནས་དང་ལས་ཁུངས་ཁག་སོ་སོར་ཡིག་ངོས་ནས་བསམ་འཆར་བསྡུ་ལེན་བྱེད་ཐབས་སྤྱད་དེ། བཞུགས་མོལ་བགྲོ་གླེང་ལ་རྩ་འཛུགས་དང་། བསམ་འཆར་འདོན་སའི་སྒམ་ཆུང་དང་དྲ་རྒྱའི་ལམ་ནས་འདྲི་བརྩད་བྱེད་པ་སོགས་ཀྱི་ཐབས་སྣ་མང་སྤྱད་ནས། རྒྱ་ཆེ་ལ་ཁྱབ་སྙོམས་པའི་ངོས་ནས་བསམ་འཆར་བསྡུ་ལེན་བྱས་ཏེ། རྒྱུན་ལས་མགོ་ཁྲིད་ཚན་ཁག་དང་རྒྱུན་ལས་བློ་མཐུན་ལ་གནས་པའི་གནད་དོན་དང་སྐྱོན་ཆ་ཚབས་ཆེན་རྩད་གཅོད་གསལ་བོ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་དམངས་གཙོ་འཚོ་བའི་ཚོགས་འདུའི་ཇུས་གཞིར་ཞིབ་བཤེར་བྱས་ལ། མགོ་འཛིན་བྱས་ཏེ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་བསྡུས་ནས། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷན་དུ་སེམས་གཏམ་གླེང་བར་མ་ཟད། རྒྱུན་ལས་མགོ་ཁྲིད་ཚན་ཁག་གི་འཆར་ཟིན་ལྟར་རྒྱུ་ཆ་ལ་ཞིབ་བཤེར་བྱས་ཏེ། རྒྱུན་ལས་སོ་སོའི་མི་སྒེར་གྱི་རྒྱུ་ཆར་ཞིབ་ལྟ་བྱས།

གྲོས་ཚོགས་སྟེང་ཐོག་མར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་བསྡུས་པའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གསར་འགྱུར་བརྒྱུད་སྒྲོག་ལ་སློབ་སྦྱོང་ནན་ཏན་བྱས་ཤིང་། ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་གནས་ཚུལ་བརྒྱུད་སྒྲོག་བྱས། ཝང་གོ་ཧྲིན་གྱིས་ཀུན་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ལ་དཔེ་ལྟ་བྱེད་དགོས་པ་དང་། གནད་དོན་རྩད་གཅོད་ནན་མོ་བྱེད་པ། ཏང་གཤིས་དབྱེ་ཞིབ་གསལ་ཐག་ཆོད་པ་བྱེད་པ། སྐྱོན་ཆ་ཐེར་འདོན་དང་རང་སྐྱོན་རང་འདོན་ནན་མོ་བྱེད་པ་བཅས་ལ་འབད་དེ། དམངས་གཙོ་འཚོ་བའི་ཚོགས་འདུའི་སྤུས་ཀར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་བསྟན།

རྒྱུན་ལས་བློ་མཐུན་རྣམས་ཀྱིས་རང་སྐྱོན་ཐེར་འདོན་བྱས་པར་གཟབ་ཉན་བྱས་རྗེས། ཀྲང་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་བྱ་བར་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བར་མཐོང་ཆེན་བླ་མེད་བྱས་ཏེ། རྒྱུན་ལས་བློ་མཐུན་རྣམས་ཀྱིས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་དང་ཟུང་དུ་སྦྲེལ་བནས། གནད་དོན་ཅི་ཡོད་ཐེར་འདོན་དང་རང་སྐྱོན་སྦ་གསང་མེད་པའི་སྒོ་ནས་ཐེར་འདོན་བྱས་ཏེ། དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པར་དངོས་ཐོག་བདེན་འཚོལ་དང་གཟབ་ནན་བབ་བརླིང་གི་ཁྱད་ཆོས་ཐོན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་སྤྱི་སྡོམ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མགོ་འཛིན་བྱས་ཏེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་། དེའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱིས། «ཚད་གཞི»དང«ཇུས་གཞི»གཉིས་ལག་བསྟར་དངོས་འབེབས་བྱེད་པར་བླང་བྱ་གལ་ཆེན་བཏོན་ཡོད་པས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ཁ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གཉིས་གཞི་གཅིག་ཏུ་སྦྲེལ་ནས། དེར་ངོས་ཟིན་ཡང་དག་འདྲོངས་པར་བྱེད་པ་དང་ཁྱོན་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱེད་པ། བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་ལས་ཇེ་དམ་དང་ཚད་ལྡན་ཅན་དུ་གཏོང་བ་བཅས་ལ་འབད་དེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་དོན་འཁྱོལ་ཡོང་བར་འབད་དགོས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཏང་ལ་བློ་དཀར་གཞུང་དྲང་ཡིན་པའི་བསམ་པ་ལག་ལེན་གྱི་ཁྲོད་ནས་མངོན་པར་འབད་དགོས་ལ། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ལས་རིམ་སོ་སོའི་ཁྲོད་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྣེ་ཁྲིད་དེ་བདེན་དོན་གཉེར་བ་དང་དངོས་འབེབས་བྱ་བ་ཕྱི་བཤོལ་མེད་པར་འཛིན་པ། རྟོག་ཞིབ་རྟིང་ཆག་ཆོད་པ་བྱེད་པ། གནད་ཕིགས་བྱ་བར་ཤུགས་འདོན་པ་བཅས་ལ་འབད་མཐར། རླབས་ཆེན་ལས་དོན་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་འཐབ་རྩོད་བཅས་གཅིག་གྱུར་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལས་རིམ་ཁག་སོ་སོའི་འགན་འཁྲི་དངོས་འབེབས་བྱས་པ་བརྒྱུད། དམངས་ཚིས་དང་དམངས་ཕན་བྱ་བའི་ལས་རིམ་ཁག་སོ་སོ་ཟབ་སར་འཁྱོལ་བར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན། ཆོས་ཉིད་ཀྱི་རང་བཞིན། འཐབ་རྩོད་ཀྱི་རང་བཞིན་བཅས་ཇེ་དྲག་གཏོང་བར་ཤུགས་བསྣན་ནས། སྐྱོན་ཆ་ཐེར་འདོན་དང་རང་སྐྱོན་རང་འདོན་གྱི་དྲག་ཆས་སྟོབས་དང་ལྡན་པ་དེ་བཀོལ་སྤྱོད་ཡག་པོ་བྱས་ཏེ། ལྟ་སྐུལ་བྱ་བ་དང་ལེན་ཟོལ་མེད་བྱེད་དགོས། རང་གཤིས་སྤྱོད་གཙང་དང་རང་ཉིད་འཐུས་ཚང་། རང་ཉིད་མཐོར་འདེགས་གཏོང་བ་བཅས་ལ་འབད་མཐར། དམངས་གཙོ་འཚོ་བའི་ཚོགས་འདུའི་རྗེས་མཐུད་བྱ་བ་ནན་ཏན་ངང་སྤེལ་དགོས་ཟེར།