ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་སྒྲོག
2017.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གྲོལ། ད་ལྟ་ཐེངས་འདིའི་གྲོས་ཚོགས་ཀྱི་སྤྱི་སྒྲོག་བཤད་རྒྱུ།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ2017ལོའི་ཟླ་དང་པོའི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར་པེ་ཅིན་ནས་བསྡུས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་ཉེར་གསུམ་ཡོད་པ་དང་། ཟུར་ཞུགས་མི་སྣ་ཉིས་བརྒྱ་དང་རེ་དྲུག་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཚང་འཛོམས་གྲོས་ཚོགས་སྟེང2016ལོའི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་སྤྱི་བསྡོམས་བྱས་པ་དང་། 2017ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས་པར་མ་ཟད། བློ་མཐུན་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་སྐུལ་འདེད་བཏང་སྟེ། ཕུལ་བྱུང་བྱས་རྗེས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་བར་བསུ་བ་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་འཛིན་བྱ་བའི་ཚོད་ལྟའི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། བློ་མཐུན་ཝང་ཆི་ཧྲན་གྱིས་ཚོད་ལྟའི་སྒྲིག་སྲོལ་གྱི་གྲོས་ཞིབ་མ་ཡིག་ཐད་ནས་ཚང་འཛོམས་གྲོས་ཚོགས་སྟེང་གསལ་བཤད་མཛད།

ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱས་པ་དང་དེར་གོ་བ་ཟབ་མོ་བླངས། ཚང་མས་གཅིག་གྱུར་སྒོས་བལྟས་ན། གསུང་བཤད་ཀྱི་དོན་སྙིང་གཏིང་ཟབ་ཅིང་། ནང་དོན་ཕུན་སུམ་ཚོགས་ལ། དོན་དངོས་ལ་གདོང་གཏད་པ་དང་ཡིད་ཆེས་ཀྱིས་ཁེངས་པར་མ་ཟད། དམངས་དོན་སྒྲུབ་པའི་ལྷག་བསམ་རྣམ་དག་དང་། ཏང་དང་རྒྱལ་ཁབ་ལ་ཁག་ཁུར་བྱེད་པའི་སྙིང་སྟོབས་འདུ་ཡོད་པས། བསམ་བློའི་རང་བཞིན་ཟབ་མོ་དང་ཡིད་འགུག་གི་ནུས་པ་དྲག་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་མངོན་གསལ་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བྱ་བའི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་གཏན་འཁེལ་གསལ་བོ་བྱས། གསུང་བཤད་ལས་བསྟན་དོན། ཏང་ཡོངས་ཀྱིས་དུས་ཡུན་ལོ་བཞིའི་རིང་ལ་འབད་བརྩོན་བྱས་ནས། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱི་ཏང་གིས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། རུལ་སུངས་རྒྱ་ཡན་དུ་འགྲོ་བའི་གནས་བབ་ནུས་ཡོད་སྒོས་སྔོན་འགོག་བྱས་པ། རུང་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་རྒྱལ་ཁ་ལེན་པའི་རྣམ་པ་ཆགས་པར་བྱས་པ། རུལ་སུངས་བྱེད་མི་ཕོད་པའི་དམིགས་འབེན་ཐོག་མར་མངོན་འགྱུར་བྱས་པ། རུལ་སུངས་བྱེད་མི་ཆོག་པའི་ལམ་ལུགས་ཉིན་རེ་བཞིན་འཐུས་ཚང་དུ་བཏང་བ། རུལ་སུངས་བྱེད་མི་འདོད་པའི་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བའི་རྣམ་པ་གསར་བ་མངོན་གསལ་སྒོས་ཆགས་ཡོད། གསུང་བཤད་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་ལྗིད་ཅིང་ལམ་ཐག་རིང་བས། ལྷོད་རྩིང་མཉེན་གསུམ་ནས་དམ་ནན་སྲ་གསུམ་དུ་བསྒྱུར་དགོས་ན་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ལ། མུ་མཐུད་དུ་རྒྱུན་ལྡན་དང་ཡུན་རིང་། གཟབ་ནན་དང་དངོས་གཉེར། གཏིང་ཟབ་པ་དང་ཞིབ་ཕྲ་བཅས་ཐད་ནས་འབད་བརྩོན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་བར་ཀུན་སྤྱོད་ལེགས་བཅོས་དང་སྒྲིག་ཁྲིམས་གཟབ་ནན། རུང་སུངས་ལ་ཁྲིམས་ཐག་གཅོད་པ་བཅས་ཀྱི་ཕུལ་བྱུང་རྒྱུགས་ཤོག་བཟང་བོ་ཞིག་སྤྲོད་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་གོ་རྟོགས་རྒྱུན་ཆད་མེད་པར་ཇེ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། རིག་གནས་ཡིད་ཆེས་ལ་བརྟེན་ནས་ཕུགས་བསམ་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཏང་གི་མཐོ་རིམ་ལས་བྱེད་པས་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པའི་མིག་དཔེ་སྟོན་དགོས་ལ། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཏང་ནང་གི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྒྱུད་རིམ་རང་བཞིན་དང་གསར་གཏོད་རང་བཞིན། ཕན་འབྲས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཁས་ལེན་གང་ལེགས་མཛད་དེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་ཐད་ལ་རེ་བ་སྔར་ལས་ནན་མོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། རང་ཉིད་དེའི་ཁྲོད་ཞུགས་དགོས་པར་མ་ཟད། བསམ་བློ་དང་བྱ་བ་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཁྱོན་ཡོངས་དང་ཚན་རིག་དང་མཐུན་པ། རྒྱུད་རིམ་ལྡན་ཞིང་ཡང་དག་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ཟབ་མོ་བླངས་ཏེ། ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ནས་བལྟས་ན། ཉིས་སྟོང་བཅུ་དྲུག་ལོར། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་གྲུབ་འབྲས་གསར་བ་བླངས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ་དང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ལ། གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དེ་བསམ་བློའི་དྲག་ཆས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་བཟུང་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་བཅངས་ཏེ། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་ནས་འགན་འཁྲིའི་གནས་ཐིག་བརྟན་སྲུང་བྱས་པ་དང་། སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱས་ལ། ལྟ་སྐུལ་སྒྲིག་འཛིན་འགན་འདྲི་ཇེ་དྲག་ཏུ་བཏང་། སྒྲིག་ཁྲིམས་ལྟར་ཛཏང་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ལ་བཟོ་བཅོས་བྱས་པ་དང་། འགན་འདྲིའི་སྲོལ་ཡིག་ཁྱབ་བསྒྲགས་བྱས་ལ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་ཏེ། དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་གཏན་ཁེལ་བྱས། པེ་ཅིང་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་བཅས་ནས་བཅོས་སྒྱུར་ཚོད་ལྟ་སྤེལ་བར་བཀོད་སྒྲིག་བྱས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཡོངས་སུ་ཁེབས་པར་སྐུལ་འདེད་བྱས། རྒྱུན་དུ་འཛིན་པ་དང་འཛིན་པ་རྒྱུན་ལྡན་ཡིན་པའི་སྒོ་ནས་སྲོལ་ངན་བཞི་ཡོ་བསྲིང་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱས་ཏེ་ལྟ་སྐུལ་སྒྲིག་འཛིན་གྱི་རྣམ་པ་བཞི་ལག་ལེན་བྱས་པ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་སྒྲིག་འཛིན་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་བྱས་ཏེ། སྔ་འཛིན་དང་ཆུང་འཛིན་སྒོས་ནོར་འཁྲུལ་ཡོད་ཕྱིན་ཆད་པ་བཅད། ཆབ་སྲིད་སྐོར་ཞིབ་ཟབ་སྤེལ་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྐོར་ཞིབ་ཡོངས་སུ་ཁེབས་པར་བྱས་པ་དང་། སྤྱི་སྡོམ་ཟབ་མོ་དང་བྱེད་ཐབས་གསར་གཏོད་བྱས་ནས། སྐོར་ཞིབ་དང་སྐོར་ལྟ་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་པས། སྐོར་ཞིབ་བྱ་བའི་རལ་གྲི་ལྟ་བུའི་ནུས་པ་གསལ་བོར་མངོན། མཐའ་གཅིག་ཏུ་གསོག་ཚད་ཇེ་དམའ་རུ་བཏང་བ་དང་འཕར་ཚད་ལ་བཀག་སྡོམ་བྱས་ཏེ། སྐབས་བརྗེའི་སྒྲིག་ཁྲིམས་དམ་པོར་བཏང་བ་དང་། རུལ་སུངས་ལ་བཀག་སྡོམ་བྱེད་པའི་མཐོ་གནོན་རྣམ་པ་མུ་མཐུད་སྲུང་འཛིན་བྱས་ནས། བྲོལ་བྱོལ་མཁན་འཛིན་པ་དང་ལྐོག་རྔན་དུ་བླངས་པའི་དངུལ་ཕྱིར་ལེན་པའི་བར་སྣང་གི་དྲ་རྒྱ་བརྟན་པོ་ཞིག་འཐེན། དབུལ་སྐྱོར་དམངས་ཚིས་ལ་དམ་དུ་དམིགས་པ་དང་གཙོ་གནད་ཀྱི་ལྟ་ཞིབ་ལྟ་སྒྲུབ་སྤེལ་ནས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་བསྐྱལ་བའི་ཚུལ་མིན་སྲོལ་ངན་དང་རུལ་སུངས་གནད་དོན་ལ་མཐའ་གཅིག་ཏུ་ཆད་པ་བཅད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚན་ཁག་དང་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་བྱེད་པའི་བརྗེ་རེས་དང་དོ་དམ་ལྟ་སྐུལ་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་ཞིབ་སྒྲིག་འཛིན་བྱ་བའི་ཚོད་ལྟའི་སྲོལ་ཡིག་གཏན་འབེབས་བྱས་ལ། བློ་དཀར་ཞིང་སྤྱོད་པ་གཙང་ལ། ཁག་ཁུར་ཆེ་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱས་པར་སྙམ། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་མཉམ་དུ། ཚང་འཛོམས་གྲོས་ཚོགས་ནས་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་བྱས་ཏེ། ཚད་མཐོའི་མཐོང་ཆེན་བྱེད་པ་དང་གཟབ་ནན་གྱིས་ཐག་གཅོད་དགོས་པའི་རེ་བ་བཏོན།

ཚང་འཛོམས་གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བྱ་བ་སྤྱི་སྡོམ་བྱེད་སྐབས་གཤམ་གྱི་མྱོང་ཚོར་འདི་དག་བྱུང་བ་སྟེ། གཅིག ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་ན་ཐོག་མར་གལ་ཆེ་བ་ནི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ཡིན་པས། ངེས་པར་དུ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་དཔེ་བལྟས་ཏེ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས། དུས་རབས་གསར་བར་ལས་འགན་གསར་བ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་ནི། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་གཞི་རྩ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་ཁག་ཐེག་ཡིན། ཏང་གི་མགོ་ཁྲིད་ནི་བྱེ་བྲག་གིས་བཤད་ན་ཕུགས་བསམ་དང་ཡིད་ཆེས། དམིགས་ཡུལ་བཅས་སྲ་བརྟན་དུ་གཏོང་བ་དང་། ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་གཏན་འབེབས་དང་ལག་བསྟར་བྱེད་པའི་ཐད་ནས་མཚོན་ཡོད་ལ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མི་ཡང་དག་པར་གདམ་ནས་བཟང་པོར་བཀོལ་བ། མངོན་པར་གསལ་བའི་རིན་ཐང་ལྟ་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་བཅངས་པ་བཅས་ཀྱི་ཐད་ནས་མཚོན་ཡོད། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་དེང་རབས་ཀྲུང་གོའི་ཆབ་སྲིད་ཀྱི་རྩ་དོན་ཆེས་ཆེན་པོ་ཡིན་པས། འདུ་ཤེས་བཞི་བཅངས་ཏེ། བསམ་བློ་དང་སྦྱོར་བའི་ཐད་ནས་ཆབ་སྲིད་ཀྱི་གནས་ཐིག་ཇེ་མཐོར་བཏང་ཞིང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས་ཐད་ནས་རྒྱུན་ཆད་མེད་པར་བར་ཐག་བཙལ་ན། ད་གཟོད་དོན་ངོ་ནས་སྲོག་ཤིང་ལ་དཔེ་ལྟ་ཐུབ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས། ཆབ་སྲིད་ཀྱི་གོ་རྟོགས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པའི་བློ་དཀར་བའི་སྲུང་དམག་བྱེད་དགོས།

གཉིས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་ན། ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཏུ་གཏོང་བའི་གཞི་རྩ་འདི་དམ་དུ་བཟུང་ནས། ལམ་ལུགས་ཀྱི་གཟེབ་དྲ་ཇེ་དམ་དུ་གཏོང་དགོས་པ་དང་ནང་ཁུལ་གྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས། དུས་སྐབས་ཤིག་ལ་ཏང་ནང་ཁུལ་དུ་གནས་པའི་འབུར་ཐོན་གནད་དོན་ནི་ཏང་གི་ལྟ་བ་མི་གསལ་བ་དང་རྩ་འཛུགས་ཉམས་ཞན་དུ་སོང་བ། སྒྲིག་ཁྲིམས་ལྷོད་པ་བཅས་ཡིན་ལ། དེ་དག་གི་འབྱུང་གཞི་ནི་ཏང་གི་མགོ་ཁྲིད་ཉམས་ཞན་དུ་གྱུར་བ་དང་། ཏང་གི་འཛུགས་སྐྲུན་ཞན་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱས་པར་ནུས་པ་མེད་པ། ལྷག་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཏོར་བརླག་ཐེབས་པ་བཅས་ཡིན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གནས་ཚུལ་གྱིས་ཆབ་སྲིད་སྐྱེ་ཁམས་ཐག་བཅད་ཡོད་པས། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་སྲུང་འཛིན་བྱེད་ན་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་འཛིན་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཇེ་དམ་དུ་བཏང་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་དོན་རང་བཞིན་དང་འཐབ་འཛིང་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་འཚོལ་བ་དང་སྐྱོན་ཆ་ཡོ་བསྲང་བྱེད་པའི་ནུས་ལྡན་གྱི་རྐྱེན་སྲོལ་གྲུབ་པར་བྱས་ཏེ། རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ནུས་མཐོར་འདེགས་བཅས་བྱེད་དགོས།

གསུམ། དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པས། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་གཞི་རིམ་དུ་དངོས་འབེབས་བྱས་ཏེ། ཏང་གིས་སྲིད་འཛིན་པའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ང་ཚོའི་ཏང་གི་ཆེས་ཆེ་བའི་ཆབ་སྲིད་ཁྱད་སྟོབས་ནི་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་རྒྱུ་དེ་ཡིན་ལ། དམངས་སེམས་ནི་ནམ་ཡིན་རུང་ང་ཚོའི་ཏང་གི་སྲིད་འཛིན་གྱི་རྨང་གཞི་ཆེས་མཐུག་པོ་དེ་ཡིན། ཆབ་སྲིད་ལ་གཙིགས་འཛིན་མི་བྱེད་པ་དང་མང་ཚོགས་དང་ཁ་བྲལ་ཚེ། ཏང་གི་མགོ་ཁྲིད་དེ་སྟོང་བར་འགྱུར་བ་དང་ཉམས་ཞན་དུ་འགྱུར་སྲིད་པས། ངེས་པར་དུ་ཆབ་སྲིད་དོན་སྟོང་རིང་ལུགས་ཀྱི་ཕྱོགས་ལྷུང་མཐའ་གཅིག་ཏུ་སེལ་ནས། ལངས་ཕྱོགས་གསལ་བོས་ཆབ་སྲིད་ལ་གཙིགས་འཛིན་བྱེད་དགོས། མི་དམངས་ཀྱི་འབོད་སྒྲ་དང་སེམས་འདུན། རེ་བ་བཅས་ནི་དམངས་སེམས་ཡིན་ལ། མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་བཅངས་པའི་ཡིད་ཆེས་དང་དད་མོས། ཡིད་རྟོན་བཅས་ཇེ་དྲག་ཏུ་གཏོང་བ་ནི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེས་ཆེན་པོ་ཡིན། ཀྲུང་དབྱང་གི་དམངས་དོན་གཉེར་བའི་སྲིད་ཇུས་བཟང་པོ་རབས་དང་རིམ་པ་དངོས་འབེབས་བྱེད་ན། གནད་འགག་ནི་ཏང་གི་མགོ་ཁྲིད་བརྟན་པོར་བརྟེན་དགོས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་སྲུང་ལ་བརྟེན་དགོས། གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དེ་རིམ་པ་རེ་རེ་བཞིན་དུ་གཞི་རིམ་ལ་བསྲིང་བར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་དུ་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་དྲག་ཏུ་བཏང་ནས། ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

བཞི། ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་ཐུབ་པས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རང་སྟེང་གི་ལྟ་སྐུལ་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་སྤྱི་ཚོགས་ལྟ་སྐུལ་ལ་ཕན་ནུས་ལྡན་པར་ཟུང་སྦྲེལ་བྱས་ཏེ། རང་རྟོགས་ཀྱིས་ཏང་དང་མི་དམངས་ཀྱི་ཚོད་བགམ་དང་ལེན་བྱེད་དགོས། ཏང་གི་སྒྲིག་ཡིག་གིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་དབང་ཟིལ་དང་གོ་གནས། འགན་འཁྲི་གལ་ཆེན་བཅས་གནང་ཡོད་ལ། དེ་ནི་ཡིད་ཆེས་ཡིན་ལ་ཚོད་བགམ་ཡང་ཡིན། རྣོ་ཡི་རིལ་བུ་ཟ་ན་ཁྲོ་ཡི་མཆེ་བ་དགོས་ཞེས་པའི་དཔེ་བཞིན་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དཀྱིལ་སྙིང་གི་བྱ་བར་འབྲེལ་ཡོད་ལ། བློ་དཀར་ཞིང་སྤྱོད་པ་གཙང་ལ་ཁག་ཁུར་ཆེ་བའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན། ཏང་གི་མགོ་ཁྲིད་ལ་མ་གཞི་ནས་དོ་དམ་དང་ལྟ་སྐུལ་འདུ་བས། ཐོག་མར་ཏང་ཨུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཉིན་རྒྱུན་གྱི་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་སྟེང་གི་ལྟ་སྐུལ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ལེན་བྱེད་པ་གཉིས་ཟུང་སྦྲེལ་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཕན་ནུས་ལྡན་པར་མཉམ་འདྲེས་ཡོང་བར་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་དགོས།

ལྔ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་དེ་ནམ་ཡང་རྫོགས་མཐའ་མེད་པ་དང་། ལྷོད་རྩིང་མཉེན་གསུམ་ནས་དམ་ནན་སྲ་གསུམ་དུ་བསྒྱུར་བ་ནི་བརྒྱུད་རིམ་རིང་བོ་ཞིག་ཡིན་པས། རྒྱུན་འཁྱོངས་ཀྱི་ཁྲོད་ནས་ཟབ་སྤེལ་བྱེད་པ་དང་ཟབ་སྤེལ་གྱི་ཁྲོད་ནས་རྒྱུན་འཁྱོངས་བྱེད་དགོས། རྫོགས་མཐའ་མེད་པའི་བྱ་བ་དེའི་མགོ་བཟང་པོ་རྩོམ་རྒྱུ་ནི་གནད་འགག་ཡིན་ལ་ཁ་ཕྱོགས་ལ་ལྟ་རྒྱུ་ནི་གལ་ཆེན་ཡིན། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷོད་རྩིང་མཉེན་གསུམ་ནི་ལོ་མང་པོར་གྲུབ་པ་ཞིག་ཡིན་ལ། དམ་ནན་སྲ་གསུམ་དུ་བསྒྱུར་རྒྱུ་ཡང་དུས་ཡུན་ཐུང་ཐུང་ཞིག་གི་ལས་ཀ་མིན། རྒྱུན་འཁྱོངས་མ་བྱས་ན་ཟབ་སྤེལ་བྱེད་མི་ཐུབ་ལ། ཟབ་སྤེལ་མ་བྱས་ན་རྒྱུན་འཁྱོངས་ཀྱང་བྱེད་མི་ཐུབ་པས། རྒྱུན་འཁྱོངས་དང་ཟབ་སྤེལ་གྱི་འབྲེལ་བ་ཡང་དག་པར་ཤེས་པར་བྱེད་པ་དེས་ཚན་རིག་གི་དགོངས་དོན་མཚོན་ཡོད་ལ། དེ་ནི་བསམ་བློའི་ཐབས་ཤེས་དང་བྱ་བའི་བྱེད་ཐབས་གལ་ཆེན་ཡིན། ཆད་མེད་འཕེལ་རྒྱས་སྨྲ་བ་དང་འཕེལ་རྒྱས་དུས་རིམ་སྨྲ་བ་གཉིས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་གཏན་ཤུགས་སྲུང་འཛིན་བྱས་ཏེ། ཆབ་སྲིད་ཀྱི་འཚོ་བ་གཟབ་ནན་དུ་གཏོང་བར་བརྟེན་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པར་བརྟེན་པ། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་བརྟེན་པ། མི་ཡང་དག་པར་འདེམ་པ་དང་བཟང་པོར་བཀོལ་བར་བརྟེན་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ཟབ་སྤེལ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ད་ལོར་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་ཡིན་པས་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིན་གལ་ཆེན་ལྡན། ད་ལོའི་བྱ་བའི་སྤྱིའི་རེ་བ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་རྟོག་ལ་ཤུགས་སྣོན་པ་དང་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་སྒྲིག་ཁྲིམས་ལག་བསྟར་འགན་འཁྲིའི་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་རུལ་སུངས་ལ་ཆད་གཅོད་བཅོས་སྐྱོང་བྱེད་པའི་རྣམ་པ་སྲུང་འཛིན་བྱེད་དགོས་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རྣོ་ཡི་རིལ་བུ་ཟ་ན་ཁྲོ་ཡི་མཆེ་བ་དགོས་ཞེས་པའི་དཔེ་བཞིན་དུ་ལམ་ལུགས་ཀྱི་གཟེབ་དྲ་སྔར་ལས་ཇེ་དམ་དུ་གཏོང་བ་དང་སྒྲིག་ཁྲིམས་ལག་བསྟར་བྱ་བའི་སྒྲིག་སྲོལ་ནན་ཏན་སྒོས་ལག་བསྟར་དང་དེར་ལྟ་རྟོག་བཟང་བོ་བྱེད་དགོས་ལ། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བསམ་པའི་རྣམ་འགྱུར་བཟང་བོ་བཅངས་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས།

གཅིག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བབ་གཟབ་ནན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་རྟོག་ལ་ཤུགས་སྣོན་ཞིང་སྐབས་བརྗེ་སྒྲིག་ལམ་གཟབ་ནན་དུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་ནང་ཁུལ་གྱི་ལྟ་རྟོག་ཆེད་འགན་འཁུར་བའི་ལས་ཁུངས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་ཏང་ནང་ཁུལ་གྱི་ལྟ་རྟོག་སྲོལ་ཡིག་ཚད་ཤིང་དུ་འཛིན་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས་ལ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་དུ་གཏོང་བ་དང་བློ་ཐག་རྦད་ཆོད་སྒོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས། མི་སྣ་གདམ་གསེས་དང་བཀོལ་སྤྱོད་བྱེད་སྐབས་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ལ་གཟབ་ནན་བྱེད་པ་དང་། ལས་བྱེད་པ་ནད་པ་ཡར་འཐེན་དང་ལས་རྐང་དུ་བཀོད་སྒྲིག་བྱེད་པ་གཏན་འགོག་བྱས་ནས། ཀྲུང་དབྱང་དང་ས་གནས་ཀྱི་སྐབས་བརྗེ་བྱ་བར་རྩ་འཛུགས་དང་ལས་བྱེད་པའི་འགན་སྲུང་འདོན་སྤྲོད་དགོས།

གཉིས། ཀུན་སྤྱོད་འཛུགས་སྐྲུན་ཐད་ནས་ཚད་ལྡན་གྱི་རྒྱུགས་ཤོག་ཅིག་སྤྲོད་དགོས། སྲོལ་ངན་བཞི་ཡོ་བསྲང་བྱེད་པ་གཏིང་ཟབ་ཏུ་སྤེལ་ཞིང་དོན་ཐོག་ཏུ་འབེབས་པར་བྱེད་པ་དང་གནད་དོན་གཙོ་བོ་དམ་འཛིན་དང་གནད་དོན་གསར་བ་འབྱུང་བར་ཡིད་འཇོག་བྱས་ནས་གནད་དོན་ཡང་བསྐྱར་འབྱུང་བར་གཏན་འགོག་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ཞིབ་བཤེར་བྱ་ཡུལ་ལ་སྲོལ་ངན་བཞི་ཡི་གནད་དོན་གནས་ཡོད་ན་གནད་དོན་གཞན་པ་ལས་སྔོན་ལ་ཐག་གཅོད་དང་ཁྱབ་སྒྲོག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་དངོས་ཐོག་བདེན་འཚོལ་སྒོས་ལམ་ལུགས་བཟོ་བཅོས་བྱེད་དགོས། རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཏང་གི་སྲོལ་བཟང་དར་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

གསུམ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པར་འགན་འདྲི་དང་ལྟ་རྟོག་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། གནད་འགག་ཉུང་ཤོས་དམ་འཛིན་དང་རིམ་པ་བཞིན་འགན་འཁྲི་དངོས་འབེབས་བྱེད་དགོས། འགན་འདྲིའི་སྲོལ་ཡིག་ལག་བསྟར་ནན་མོ་བྱེད་པ་དང་འགན་འདྲིའི་ཤུགས་ཚད་ཇེ་ཆེར་བཏང་ནས་ཁག་ཁུར་གྱི་སྙིང་སྟོབས་བསྐྱེད་དགོས།

བཞི། ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཏང་དང་རྒྱལ་ཁབ་རང་སྟེང་གི་ལྟ་སྐུལ་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་ཁྱོན་ཡོངས་འཛིན་པ་དང་བཅོས་སྒྱུར་ཇུས་གཞི་དངོས་འབེབས་བྱེད་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་གཏན་འཁེལ་བྱེད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་པར་གྲ་སྒྲིག་བྱེད་དགོས། ཀྲུང་དབྱང་ཚོད་ལྟ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་མཛུབ་སྟོན་དང་མཐུན་སྦྱོར། ཞབས་འདེགས་བཅས་ལ་ཤུགས་སྣོན་པ་དང་། ཚོད་ལྟའི་ས་ཁུལ་ཏང་ཨུ་ཡིས་གཙོ་འགན་འཁུར་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་དང་ལག་བསྟར་བྱ་བ་དམ་འཛིན་བྱེད་པ་དང་། སྲིད་འཛིན་ལྟ་ཞིབ་དང་རུལ་སུངས་སྔོན་འགོག ཞིབ་བཤེར་ལས་ཁུངས་ཀྱིས་ལྐོག་ཟ་ལྐོག་རྔན་བླངས་པ་དང་ལས་ཤོར་འགན་འཛོལ་རྩད་གཅོད་པ་དང་། དེ་མིན་འགན་འཁྲི་ལ་བརྟེན་ནས་ནག་ཉེས་བཟོ་བ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བའི་སྟོབས་ཤུགས་ལེགས་སྒྲིག་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཐུན་མོང་གཅིག་གྱུར་དང་དབང་ཟིལ་ནུས་མཐོའི་ལྟ་ཞིབ་མ་ལག་གསར་སྐྲུན་བྱེད་དགོས། 
 

ལྔ། ལང་ཕྱོགས་བརྟན་པོ་དང་དམིགས་འབེན་ལས་འགན་དམ་འཛིན་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས། སྒྲིག་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྒྲིག་ལམ་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ཐད་ཀྱི་རྣམ་པ་བཞི་ནུས་ལྡན་གྱིས་བཀོལ་སྤྱོད་བྱས་ནས། ཉིན་རྒྱུན་གྱི་དོ་དམ་ལྟ་སྐུལ་ཐད་ཤུགས་སྣོན་དགོས། མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ལམ་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རུལ་སུངས་ཀྱི་གསོག་ཚད་མཐའ་གཅིག་ཏུ་ཇེ་ཉུང་ལ་གཏོང་བ་དང་། འཕར་ཚད་ལ་བཀག་སྡོམ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། དཔེ་མཚོན་རང་བཞིན་ལྡན་པའི་གྱོད་གཞི་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཕྱིར་སྒྲོག་བྱེད་ཆོག་པའི་འགྱོད་གཤགས་ཡི་གེ་ཚང་མ་ཕྱིར་སྒྲོག་བྱས་ནས། ལྡོག་ཕྱོགས་ཀྱི་བསླབ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

དྲུག སྐབས་འདིར་སྒྲིག་ཁྲིམས་ཞིབ་བཤེར་ཐད་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལས་འགན་ཡོངས་འགྲུབ་བྱེད་པར་རྐང་བཙུགས་ཏེ། ལག་ལེན་གྱི་གྲུབ་འབྲས་སྤྱི་སྡོམ་བྱེད་དགོས། ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭར་སྐོར་ཞིབ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འགན་ཁུར་བའི་དུས་རིམ་གཅིག་གི་སྐོར་ཞིབ་ཁྱོན་ཡོངས་སུ་ཁེབས་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་སྐོར་ཞིབ་བྱ་བ་སྤྱི་བསྡོམས་བྱས་ཏེ། སྐོར་ཞིབ་ཐད་ཀྱི་གསར་གཏོད་ལག་ལེན་དེ་ལམ་ལུགས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་དམིགས་ནས། རྒྱུན་མཐུད་དེ་བསྒྱུར་བ་གསུམ་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ནང་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་སྤེལ་བ། བཅའ་སྡོད་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས།

བདུན། མ་སྐུལ་རང་ཤུགས་ཀྱིས་འབད་འཐབ་ལྷོད་མེད་བྱས་ནས། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་འདེམ་བསྐོ་བྱ་བ་བཟང་བོ་བསྒྲུབ་པ་དང་། གཅིག་གྱུར་སྒོས་ལས་བྱེད་པ་འདེམ་བསྐོ་དང་སྐྱེད་སྲིང་། བརྗེ་རེས། བཀོལ་སྤྱོད་བྱེད་པ། ལྟ་སྐུལ་དང་ཁྲིམས་འཛིན་བྱ་བའི་ཐད་ཀྱི་སྒྲིག་ལམ་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་སེམས་བདེ་བ་དང་མི་དམངས་ཀྱི་ཡིད་ཆེས་བྱེད་ཆོག་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་སྒྲིག་འཛིན་བྱ་བར་ལྟ་སྐུལ་བྱེད་པའི་ཚོད་ལྟའི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་མཐའ་གཅིག་ཏུ་བལྟས་ན། ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་རེ་བ་ཆེན་པོ་བཅངས་ཡོད། སྒྲིག་འཛིན་བྱ་བར་ལྟ་སྐུལ་བྱེད་པའི་སྒྲིག་ལམ་གཏན་འབེབས་བྱེད་པ་ནི། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་ལག་བསྟར་བྱེད་པ། མགོ་ཁྲིད་དེ་རང་གཅུན་ནན་མོ་བྱེད་པ།ལྟ་སྐུལ་ཁྲིམས་འཛིན་དབང་ཆ་དེ་ལམ་ལུགས་ཀྱི་གཟེབ་དྲའི་ནང་འཇུག་པ། གཞན་སྐྱོན་མ་བརྗོད་སྔོན་ལ་རང་སྐྱོན་ཞིབ་མོར་བརྗོད་པའི་འགུལ་སྐྱོད་དངོས་ཡིན་པ་དང་། དེས་རང་གཅུན་ནན་མོ་བྱེད་པའི་ཁག་ཁུར་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད་ཟེར།  ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ལམ་སྲོལ་དེ་སྒྲིག་འཛིན་ལ་ལྟ་སྐུལ་བྱེད་པའི་བྱ་བའི་བརྒྱུད་རིམ་དང་དམ་འབྲེལ་བྱེད་པ་དང་། སྙན་ཞུ་བྱེད་པ་དང་ཁུངས་སྣེ་བཀོད་སྒྲིག ཐོག་མའི་ཞིབ་བསྡུར། གྱོད་གཞི་བཙུགས་ནས་ཞིབ་བཤེར་བྱེད་པ། གྱོད་གཞི་ཞིབ་གཅོད། གྱོད་གཞི་དང་འབྲེལ་བའི་དངུལ་སྒོར་དང་དངོས་པོ་དོ་དམ་སོགས་བྱ་བའི་སྒྲིག་སྲོལ་གཏན་ཁེལ་གསལ་བོ་བྱེད་དགོས། གླེང་མོལ་འདྲི་ཞིབ་ཀྱི་བྱ་བའི་གོ་རིམ་དང་། སྒྲིག་འཛིན་ལ་ཞིབ་བཤེར་བྱེད་པའི་ཐད་ཀྱི་མཆན་འགོད་དབང་ཆ། གླེང་མོལ་དང་བདེན་དཔང་འཚོལ་སྡུད་ལ་ཞིབ་བཤེར་བྱེད་པའི་བྱེ་བྲག་གི་རེ་བ་བཅས་གཏན་ཁེལ་བྱེད་དགོས། ཕན་ཡོད་ཀྱི་བྱེད་ཐབས་ལ་སྤྱི་སྡོམ་བྱེད་པ་མ་ཟད། དེ་ལམ་ལུགས་ཚད་གཞི་རུ་བསྒྱུར་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རང་ལ་ལྟ་སྐུལ་བྱེད་པ་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་གཉིས་དང་ཟུང་འབྲེལ་བྱས་ཏེ། ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་གང་འདོད་དུ་མི་སྤྱོད་པར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་དེ་སྒྲིག་ལམ་ལག་བསྟར་བྱེད་པ་དང་། སྒྲིག་ལམ་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་བྱ་བའི་མགོ་ཁྲིད་དང་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་པ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་སྟེང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱེད་པ་དང་། སྒྲིག་ལམ་ལག་བསྟར་བྱེད་པའི་ཁྲོད་ཀྱི་སྒྲིག་འགལ་དང་ལས་ཤོར་འགན་འཛོལ་བྱ་སྤྱོད་ལ་ཐག་གཅོད་ནན་མོ་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། བློ་མཐུན་ལིས་ཧྲུའུ་ལེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་བསྐོས།

ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཝང་ཀྲུང་ཐེན་དང་ལིས་ཅན་པའོ་གཉིས་ཀྱི་སྒྲིག་འགལ་གནད་དོན་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་དུ་བློ་མཐུན་ཝང་ཀྲུང་ཐེན་གྱི་ཏང་ནང་གི་ལས་འགན་མེད་པར་བཟོ་བ་དང་། བློ་མཐུན་ལིས་ཅན་པའོ་ལ་ཏང་ནང་གི་ཉེན་བརྡ་ཚབས་ཆེན་བཏང་བ་མ་ཟད་ཁོའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ལེན་རྒྱུའི་ཐག་བཅད།

ཚང་འཛོམས་གྲོས་ཚོགས་ལས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཁེངས་སྐྱུང་སེམས་ཆུང་དང་། ང་རྒྱལ་ཁེངས་དྲེགས་མི་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ། མུ་མཐུད་མདུན་བསྐྱོད་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་བླངས་ཏེ། འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་རྒྱལ་ཁ་གསར་བ་ལེན་པར་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཏང་དང་མི་དམངས་ཡིད་ཚིམ་པའི་རྒྱུགས་ཤོག་ཤིག་སྤྲོད་དགོས་པའི་འབོད་སྐུལ་བཏང་།